རོང་བྲག་རྫོང་གིས་ཞིང་སྤྱོད་དངོས་རྫས་ཀྱི་ཚོང་ཁྲོམ་ལ་ཞིབ་བཤེར་བྱས།

དབྱངས་ཅན་གྱིས་བསྒྱུར།        2011-05-23

     མིག་སྔར་དཔྱིད་རྨོས་གྲ་སྒྲིག་ལས་ཀ་སྤེལ་བའི་གནད་འགག་ཆེ་བའི་དུས་ཚིག་ཞིག་ཡིན།རོང་བྲག་རྫོང་ཞིང་འབྲོག་ཚན་རྩལ་ཅུས་ཀྱིས་འབྲེལ་ཡོད་ལས་སྒོའི་ས་ཚུགས་ཀྱི་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་ཁུལ་ཞིང་ལས་ཅུས་ཀྱི་ལས་སྒྲུབ་མི་སྣ་དང་མཉམ་དུ་ཞིང་ལས་དངོས་རྫས་ལ་ཞིབ་བཤེར་བྱེད་པའི་ལས་སྒྲུབ་ཚོ་ཆུང་བཙུགས་ནས་རྫོང་ཡོངས་སུ་ཞིང་སྤྱོད་དངོས་རྫས་ཚོང་གཉེར་བྱེད་པར་མཉམ་འབྲེལ་གྱི་ཁྲིམས་འཛིན་ཞིབ་བཤེར་བྱས་པ་རེད།
    ས་བོད་དང་།ཞིང་སྤྱོད་སྨན་རྫས།རྫས་ལུད་སོགས་ཞིང་སྤྱོད་དངོས་རྫས་ཕྱིར་འཚོང་བྱེད་པར་ཞིབ་བཤེར་བྱ་རྒྱུ་གཙོ་བོ་བྱས་ནས།ཤང་དང་གྲོང་ཚོའི་ཞིང་སྤྱོད་དངོས་རྫས་ཚོང་གཉེར་བྱེད་མཁན་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་དང་ལྟ་སྐུལ་དོ་དམ་བྱ་རྒྱུ་ཤུགས་སྣོན་བརྒྱབ་པ་རེད།གཙོ་གནས་དུ་རྫོང་ཡོངས་ཀྱི་ཞིང་སྤྱོད་དངོས་རྫས་ཕྱིར་འཚོང་བྱེད་མཁན་གྱི་ཁེར་གཉེར་དུད་ཚང་14ལ་ལྟ་སྐུལ་དང་ཞིབ་བཤེར་བྱས་པ་རེད།ཞིབ་བཤེར་བྱེད་སྐབས་ཞིང་སྤྱོད་དངོས་རྫས་ཚོང་གཉེར་བྱེད་མཁན་གྱི་དུད་ཚང་ཁྲོད་ཁྲིམས་དང་འགལ་ནས་ཞིང་སྤྱོད་སྨན་རྫས་ཕྱིར་འཚོང་བྱེད་མཁན་མ་མཐོང་བ།ཚོང་གཉེར་བྱེད་མཁན་དུད་ཚང་ཉུང་ཤོས་ཀྱི་ཚོང་གཉེར་ལག་ཁྱེད་ཆ་ཚང་མིན་པ་དང་ཚོང་གཉེར་ལག་ཁྱེར་དང་དངོས་ཟོག་ཆ་མི་མཐུན་པའི་གནས་ཚུལ་ཡོད་པར་དམིགས་ནས་དུས་བཅད་ལྟར་དག་བཅོས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
   ཡང་བསྐྱར་གསར་འགྱུར་འགོད་དོན།ཉེ་ཆར།རོང་བྲག་རྫོང་ནོར་སྲིད་ཅུས་ཀྱིས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་15ཡི་ནོར་དོན་མི་སྣ་གཅིག་བསྡུས་བྱས་ནས།གྲོས་ཚོགས་ཐོག་ནས་སྦྱོང་བརྡར་བྱེད་པའི་བྱེད་ཐབས་སྤྱད་ནས་ཤང་དང་གྲོང་རྡལ་སོ་སོ་ལ་ངེས་པར་དུ་“སུས་འབྲུ་རིགས་བཏབ་ན་སུར་གསབ་དངུལ་སྤྲོད་རྒྱུ་ཡོད་པ”དང་།“འདེབས་རྒྱུ་ཡོད་ན་གསབ་དངུལ་སྤྲོད་པ་དང་།འདེབས་རྒྱུ་མེད་ན་གསབ་དངུལ་མི་སྤྲོད་པའི”རྩ་དོན་ལ་གཞིགས་ནས་དུས་ཐོག་དང་འདང་ངེས་ཀྱི་སྒོས་གསབ་དངུལ་སྤྲོད་དགོས་རྒྱུ་དང་།སེམས་ཐག་གཙང་བཅད་ཀྱིས་གསབ་དངུལ་བཀག་ཉར་དང་ཧམ་བཟུང་།སྒེར་སྤྱོད་བཅས་ཀྱི་གནས་ཚུལ་བྱུང་བར་གཏན་འགོག་བྱས་ནས།རྫོང་ཡོངས་ཀྱི་དཔྱིད་རྨོས་དང་དཔྱིད་འདེབས་ཀྱི་གྲ་སྒྲིག་ལས་ཀ་བདེ་བླག་ངང་སྤེལ་བར་མ་དངུལ་ཐད་ཀྱི་འགན་ལེན་བྱས་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན།རྫོང་དེས་ད་ལོར་འབྲུ་འདེབས་ཞིང་པར་མ་དངུལ་ཐད་སྤྲོད་དང་ཞིང་སྤྱོད་དངོས་རྫས་ཐད་ཀྱི་མ་དངུལ་ཕྱོགས་བསྡུས་ཐད་སྤྲོད་ཀྱི་མ་དངུལ་སྒོར་ཁྲི་383གཏོང་སྤྲོད་བྱ་རྒྱུ་ཡིན་པ།དེའི་ནང་འབྲུ་འདེབས་གསབ་དངུལ་ཐད་སྤྲོད་ཀྱི་མ་དངུལ་སྒོར་ཁྲི་33དང་།ཕྱོགས་བསྡུས་ཐད་སྤྲོད་ཀྱི་མ་དངུལ་སྒོར་ཁྲི་350ཡོད་པ་དང་།དངོས་སུ་འདེབས་འཛུགས་བྱེད་རྒྱ་མུའུ་71637ཡོད་པ་དང་།འབྲུ་རིགས་མུའུ་རེ་འདེབས་ན་གསབ་དངུལ་སྒོར་4.6སྤྲོད་པ་དང་།འབྲུ་རིགས་མུའུ་རེ་འདེབས་ན་ཕྱོགས་བསྡུས་གསབ་དངུལ་སྒོར་48.86སྤྲོད་ཀྱི་རེད།
  • ལེ་ཚན་སྔོན་མ།:རྒྱལ་རོང་རྒྱལ་མོ་དངུལ་ཆུ་ཧོང་ཅིང་ཕིང་ཆུ་གློག་ས་ཚིགས་དེར་རྒྱལ་ཁབ་ཀྱི་ཞིབ་དཔྱད་ཆོག་མཆན་ཐོབ།
  • ལེ་ཚན་རྗེས་མ།: རང་ཁུལ་གྱིས་སྨན་རྫས་ཉེན་མེད་ལྟ་ཞིབ་ཚད་ལེན་གྱི་མི་སྣ་གསོ་སྦྱོང་བྱས
  • དོ་སྣང་ཆེ་བའི་རྩོམ།