རང་ཁུལ་གྱིས་སྨན་རྫས་ཉེན་མེད་ལྟ་ཞིབ་ཚད་ལེན་གྱི་མི་སྣ་གསོ་སྦྱོང་བྱས

སྒྲོལ་མ་ལྷ་མཚོས་བསྒྱུར།        2011-05-23

ཟླ་5པའི་ཚེས་10ཉིན།ཁུལ་སྨན་རྫས་ཉེན་མེད་བདེ་འཇགས་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་སྐོར་གྱི་ཤེས་བྱ་གསོ་སྐྱོང་སྦྱོང་བརྡར་གྱི་ལས་ཀ་དར་མདོར་སྤེལ་བ།ཁུལ་ཡོངས་ཀྱི་སྨན་བཅོས་ལས་ཁུངས་དང་།སྨན་རྫས་ཐོན་སྐྱེད་ཁེ་ལས།སྨན་རྫས་ཚོང་གཉེར་ཁེ་ལས་བཅས་ཀྱི་འཐུས་མི་དང་།ཁུལ་ཡོངས་ཀྱི་བཟའ་ཆས་སྨན་རྫས་ལྟ་སྐུལ་དོ་དམ་མ་ལག་གྱི་སྨན་ལོག་བརྒྱབ་པར་ལྟ་ཞིབ་ཚད་ལེན་ས་ཚུགས་ཀྱི་ལས་བྱེད་མི་སྣ་ཁྱོན་བསྡོམས་100ལྷག་ཙམ་ཐེངས་འདིའི་གསོ་སྐྱོང་སྦྱོང་བརྡར་ནང་ཞུགས་པ།
       ཞིང་ཆེན་གྱི་བཟའ་ཆས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་དང་།ཞིང་ཆེན་གྱི་སྨན་ལོག་བརྒྱབ་པར་ལྟ་ཞིབ་ཚད་ལེན་དང་ཞིབ་དཔྱད་ངོས་འཛིན་ལྟེ་གནས་གྱིས་ཆེད་ལས་མཁན་ཅན་ཐེངས་འདིའི་གསོ་སྐྱོང་སྦྱོང་བརྡར་ནང་མངགས་ནས་སྨན་ལོག་བརྒྱབ་པའི་སྐོར་གྱི་ཤེས་བྱ་འགྲེལ་བཤད་བྱས་པ་དང་ཆབས་ཅིགལུགས་མཐུན་གྱིས་སྨན་རྫས་སྤྱོད་ཐབས་ཀྱི་དཔྱད་ཞིབ་ཡིག་རིགས་དེབ་600ལྷག་ཙམ་འགྲེམ་གཏོང་བྱས་ནས།རང་ཁུལ་གྱི་སྨན་བཅོས་ལས་ཁུངས་ཀྱིས་སྨན་ལོག་བརྒྱབ་པར་ལྟ་ཞིབ་ཚད་ལེན་གྱི་ལས་ཀ་སྤེལ་བར་སྐུལ་འདེད་དང་།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་སྨན་སྤྱོད་ཐད་ཉེན་མེད་བདེ་འཇགས་འགན་ལེན་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་རེད།
  • ལེ་ཚན་སྔོན་མ།: རོང་བྲག་རྫོང་གིས་ཞིང་སྤྱོད་དངོས་རྫས་ཀྱི་ཚོང་ཁྲོམ་ལ་ཞིབ་བཤེར་བྱས།
  • ལེ་ཚན་རྗེས་མ།:བྲག་འགོ་རྫོང་གིས་ཁྱི་གསོ་དོ་དམ་གྱི་ལས་ཀ་ཤུགས་ཆེན་བྱས།
  • དོ་སྣང་ཆེ་བའི་རྩོམ།