དཀར་མཛེས་སློབ་གསོའི་དཔྱིད་དཔལ་སླར་ཡང་འཆར།

ཀུན་དགས།        2011-04-26

 ཚེས20ཉིན་གྱི་ཕྱི་དྲོར། དཔྱིད་ཀྱི་དཔལ་ཡོན་ས་གཞི་ཡོངས་སུ་བཞད་པའི་དུས་བཟང་དང་བསྟུན་ནས་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་དུ་ཞུགས་པའི་མི་སྣ་རྣམས་ཚོ་ཁག11བགོས་ནས་ཚ་ཚ་དྲོད་དྲོད་ཀྱི་སྒོ་ནས་གྲོས་བསྡུར་ནང་དུ་ཞུགས་པ་རེད། གསར་འགོད་པ་དཀར་མཛེས་དང་། ཉག་ཆུ། གསེར་ཐར། རོང་བྲག་བཅས་རྫོང་ཁག་བཞིའི་གྲོས་བསྡུར་ཚོ་ཆུང་ནང་དུ་ཟུར་ཞུགས་བྱས་པ་ཡིན། གྲོས་ཞུགས་མི་སྣ་ཚོས་རང་རང་སོ་སོའི་རྫོང་ཁག་གི་སློབ་གསོའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་སྙིང་ཁོང་དྲོད་མོའི་ནང་གི་སྐད་ཆ་རྣམས་ཆུ་རྒྱུན་ལྷུང་ལྷུང་དུ་བབས་པ་ལྟར་བཤད་པ་རེད།
     དཀར་མཛེས་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཡུང་ཏེ་ཡིས་བཤད་རྒྱུར།རང་ཁུལ་གྱིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ལག་བསྟར་བྱེད་པའི་དུས་འགོར་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་འཚོགས་པ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རང་ཁུལ་སློབ་གསོ་ལ་མཐོང་ཆེན་ཚད་མེད་བྱས་ཏེ་མ་འོངས་པའི་ལོ་བཅུའི་འོད་སྟོང་འབར་བའི་སློབ་གསོ་བསྐྲུན་རྒྱུའི་ཆོད་སེམས་མཚོན་པས་སེམས་འགུལ་ཆེན་པོ་ཐེབས་བྱུང།
     ཉག་ཆུ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ལི་ཁའེ་ཡིས་བཤད་རྒྱུར།སྤོབས་པ་ཆེན་པོས་རང་ཁུལ་གྱི་འཕེལ་རྒྱས་་མཐར་ཐུག་སློབ་གསོ་འཕེལ་རྒྱས་ལ་རག་ལས་ཀྱི་ཡོད་པ་དང་། སློབ་གསོ་འཕེལ་རྒྱས་ཡོང་བར་གཙོ་བོ་དགེ་རྒན་ལ་རག་ལས། དེ་ཡང་དགེ་རྒན་གྱི་འཇོན་ནུས་དང་། ཐོབ་ཐང་བཅས་མཐོ་འདེགས་གཏོང་བ་ལ་རག་ལས། ཁུལ་ཡོངས་སུ་སློབ་གསོ་དམ་འཛིན་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ངེས་པར་དུ་བསྐྲུན་དགོས་པ་རེད།
     གསེར་ཐར་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཞི་ཙི་ལིང་གིས་རེ་བ་བཏོན་རྒྱུར།སྐད་གཉིས་སྨྲ་བའི་དགེ་རྒན་གསོ་སྐྱོང་གི་ཐབས་ལམ་གསར་གཏོད་བྱེད་དགོས་པ་དང་། དགེ་རྒན་གྱི་སྒྲིག་གཞི་དང་གོ་མིང་ཆགས་ཚུལ་དངོས་ཡོད་གནས་ཚུལ་དང་མི་མཐུན་པས་དམིགས་བསལ་གྱི་ཐབས་ཤེས་བླངས་ཏེ་ཐག་གཅོད་བྱེད་གང་ཐུབ་བྱེད་དགོས་པའི་རེ་བ་བཅངས་པཡིན།
     གྲོས་བསྡུར་ཞུགས་པའི་མི་སྣ་ཚང་མས་རང་བློས་གང་དཔོག་གིས་རང་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ལ་ལྷག་པར་མཁོ་བའི་བསམ་འཆར་དང་ཐབས་ཇུས་ཕན་ཚུན་བརྗེ་རེས་དང་གོང་རིམ་ལ་ཡར་ཞུ་ཕུལ་བ་རེད། ཚང་མས་མགྲིན་གཅིག་ཏུ་རང་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་དཔྱིད་དཔལ་སླར་ཡང་འཆར་ཟིན་པས་སློབ་གསོའི་ལས་དོན་སྒྲུབ་པའི་གསོན་ཤུགས་ཉམས་པ་མེད་པ་རེ་ཚང་མའི་སེམས་སུ་བཅངས་ཡོད་པ་རེད།
  • ལེ་ཚན་སྔོན་མ།:སྤྱི་ཚོགས་དོ་དམ་གསར་སྐྲུན་དང་དམག་དམངས་གཉིས་ཀྱིས་མཉམ་དུ་དེ་བས་འཆམ་མཐུན་མཛེས་སྡུག་ལྡན་པའི་བོད་ཁུལ་གསར་
  • ལེ་ཚན་རྗེས་མ།:ལྷག་བསམ་བཟང་པོ་དཀར་མཛེས་སློབ་གསོར་ཕུལ།
  • དོ་སྣང་ཆེ་བའི་རྩོམ།