སློབ་གསོའི་བྱེད་སྒོ་སྣ་མང་སྤེལ། མི་རིགས་སློབ་གསོ་གོང་དུ་སྤེལ།

ཆོས་བཞིན་གྱིས།        2011-04-18

བྲག་འགོ་རྫོང་བོད་ཡིག་སློབ་འབྲིང་གིས་གཙོ་བོར་བྱས་ཤིང་རྫོང་སློབ་འབྲིང་དང་མཉམ་འབྲེལ་གྱིས་“སྦྲེལ་ཤོག་སློབ་དཔྱོད་མཛད་སྒོ”ཞེས་པའི་བྱེད་སྒོ་གསར་བ་ཞིག་གསར་དུ་བསྐྲུན་པས་མི་རིགས་སློབ་གསོའི་ལས་དོན་ལ་སྔ་ན་མེད་པའི་གཞོགས་འདེགས་དང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཀྱིན་ཡོད་པ་རེད།
     མིག་སྔར་སློབ་དུས་རེར་བྱེད་སྒོ་ཐེངས་མང་སྤེལ་ཏེ།སློབ་གསོ་སྡེ་ཤོག་གང་ཞིག་ནས་སློབ་གསོ་བྱེད་སྒོ་སྤེལ་ཚེ་།རྫོང་རིག་སློབ་ཁག་ཟུར་ཞུགས་བྱས་ཤིང་།དེ་ག་ནས་བོད་ཡིག་དང་།རྒྱ་ཡིགགྲངས་རིགདབྱིན་ཡིག་བཅས་ཁྱོན་ཁྲིད་ཚན་གཙོ་བོ་རིགས་བཞི་ལ་བཀར་ནས་རེས་མོས་སློབ་ཁྲིད་བྱེད་པ་དང་།རྫོང་སློབ་འབྲིང་དང་རྫོང་བོད་ཡིག་སློབ་འབྲིང་གཉིས་ཀྱིས་དཔྱད་འཇོག་པའི་འགན་བཞེས་ནས།ཁྲིད་པ་པོའི་མི་འདང་ས་དང་།སྐྱོན་དང་ནོར་འཁྲུལ་ཅི་ཡོད་སྣག་ཐོག་ཁབ་གཙག་གིས་དཔྱད་བརྗོད་བྱས་ཤིང་།མཇུག་མཐར་རྫོང་རིག་སློབ་ཁག་གི་སློབ་དཔྱོད་ཁང་ནས་ཕྱོགས་བསྡོམས་གནང་ཞིང་མ་འོངས་པར་གཟབ་དགོས་པའི་གནད་ལ་ཁ་ཚ་དགོས་ལ་གཏུགས་པའི་སློབ་གསོ་དང་སྐུལ་ལྕག་གནང་བཞིན་ཡོད་པ་རེད།
     བྱེད་སྒོ་འདི་འདྲ་ཞིག་སྤེལ་བས་བྲག་འགོ་རྫོང་གི་དགེ་རྒན་སོ་སོའི་སློབ་ཁྲིད་ཀྱི་ཉམས་མྱོང་བརྗེ་རེས་དང་བསམ་བློའི་གོ་རྟོགས་བཅས་ལ་ཕན་འབྲས་མངོན་གསལ་དོད་པོས་ཐོབ་པ་དང་།སློབ་གསོའི་སྤུས་ཚད་དང་སློབ་མའི་བྱང་ཚད་སོགས་ཕྱོགས་གང་ཐད་ནས་མིག་མཐོང་ལག་ཟིན་གྱིས་གོང་མཐོར་འགྲོ་བཞིན་འདུག་པས།ཡིད་ཆེས་དང་རེ་བཞག་གིས་བཅིངས་བཞིན་མ་འོངས་པའི་བྲག་འགོ་རྫོང་གི་སློབ་གསོ་མདུན་ནས་མདུན་དུ་སྐྱོན་བཞིན་མཆིས་སོ།།
  • ལེ་ཚན་སྔོན་མ།:ཁྱོད་ཚོའི་འཚོ་བ་སྔོན་མ་ལས་ཡག་པོ་རོལ་ཐུབ་ན་ང་ཚོའི་བློ་བདེ།
  • ལེ་ཚན་རྗེས་མ།:བོད་ཀྱི་མཁས་དབང་ཆེན་མོ་མཆོག་སྤྲུལ་ཐུབ་བསྟན་ཉི་མ་མཆོག་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཕེབས།
  • དོ་སྣང་ཆེ་བའི་རྩོམ།