ཁྱོད་ཚོའི་འཚོ་བ་སྔོན་མ་ལས་ཡག་པོ་རོལ་ཐུབ་ན་ང་ཚོའི་བློ་བདེ།
སྒྲོལ་མ་ཚེ་མཚོས་བསྒྱུར། 2011-04-18
ཁྱོད་ཚོའི་འཚོ་བ་སྔོན་མ་ལས་ཡག་པོ་རོལ་ཐུབ་ན་ང་ཚོའི་བློ་བདེ།
ལིའུ་ཏའོ་ཕིང་གིས་སེར་ཤུལ་རྫོང་དུ་གནོད་སྐྱོན་ཐེབས་རྗེས་ཁྱིམ་གཞིས་བསྐྱར་འཛུགས་ལས་ཀར་གཟིགས་ཞིབ་གནང་ཚུལ་བཀོད། ཡུལ་ཤུལ་དུ་ས་འགུལ་ཡོང་ནས་ལོ་གཅིག་འཁོར་སྐབས།སེར་ཤུལ་དུ་གནོད་སྐྱོན་ཐེབས་རྗེས་ཁྱིམ་གཞིས་བསྐྱར་འཛུགས་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་རོལ་ཚུལ་གང་འདྲ་ཡིན་ནམ།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཏའོ་ཕིང་གིས་གནོད་ཐེབས་མང་ཚོགས་ལ་ཐུགས་ཁུར་གནང་བ།ཟླ་བ་4པའི་ཚེས་6ཉིན་ཁུལ་ཨུའི་རྒྱུན་ཨུ།དྲུང་ཡིག་ཆེན་མོ་བ་ཏོན་དབྱི་ཅུན་གྱིས་ཕེབས་གནང་འོགརླངས་འཁོར་ནང་བསྡད་ནས་སེར་ཤུལ་རྫོང་གི་གནོད་སྐྱོན་ཐེབས་ཆེ་སར་རྩེ་མདའ་ཤང་དུ་ཕེབས་ནས་གནོད་སྐྱོན་ཐེབས་རྗེས་ཀྱི་ཁྱིམ་གཞིས་བསྐྱར་འཛུགས་ལས་ཀར་གཟིགས་ཞིབ་གནང་བ། ལིའུ་ཏའོ་ཕིང་རྩེ་མདའ་ཤང་གྲོང་ཚོར་ཕེབས་སྐབས་སྤྱིན་ལམ་དུ་ཇུས་འགོད་ཡག་པོ་བྱས་ཡོད་པའི་ཨོ་གླེང་གི་ཁྱད་ཆོད་ལྡན་པའི་རྫ་གཡམ་གྱིསབཟོས་པའི་བློ་བདེ་གྱང་ཁང་རེ་རེ་བཞིན་དང་།ཡངས་ཤིང་རྒྱ་ཆེའི་ཨར་འདམ་གྱིས་བཟོས་པའི་གཞུང་ལམ་གྲོང་ཚོ་དང་དུད་ཚང་གི་སྒོ་ཁར་ལས་ཡོད་པ་མཐོང་བ་རེད།གྲོང་མི་ཚོ་གྲོང་ཚོའི་ནང་འདུས་འཛོམས་བྱས་ནས་ལག་ཏུ་དར་དཀར་ཁུར་ནས་བོད་གྲོང་གི་གཟབ་རྒྱས་ཆེ་ཤོས་ཀྱི་མཛད་སྒོའི་ཐོག་ཁུལ་ཨུའི་ཧྲུའུ་ཅི་ཕེབས་ཡོང་བར་དགའ་བསུ་ཞུས་པ་རེད།ལིའུ་ཏའོ་ཕིང་གིས་ཐུགས་དགྱེས་པའི་ངང་ནས་བོད་རིགས་མང་ཚོགས་ལ་ཕག་བཏང་གནང་ནས་བདེ་འདྲི་ཞུས་པ་དང་སྡོད་ཁང་གསར་པའི་ནང་སྤོས་པར་བཀྲ་ཤིས་སྨོན་འདུན་ཞུས་པ་དང་།སྡོད་ཁང་གསར་པའི་ནང་སྤོས་རྗེས་ཀྱི་འཚོ་བ་རོལ་ཚུལ་ཞིབ་དྲིས་གནང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན2010ལོའི་ལོ་མཇུག་ཏུ་སེར་ཤུལ་རྫོང་གིས་དུད་ཚང432ལ་ཁྱིམ་གཞིས་བསྐྱར་འཛུགས་ཀྱི་ལས་འགན་གྲུབ་པས།ཁྱིམ་གཞིས་བསྐྱར་འཛུགས་ཀྱི་ལས་འགན་བརྒྱ་ཆ96གྲུབ་ནས་གཞི་རྩའི་ཐོག་ཞིང་ཆེན་ཏང་ཨུས་བཏོན་པའི་ལོ་གཅིག་རིང་འབྲོག་པའི་སྡོད་ཁང་འཛུགས་སྐྲུན་ལས་འགན་གྱི་བླང་བྱ་མངོན་འགྱུར་བྱུང་བ་རེད།དུས་མཚུངས་སུ་བླང་བྱ་ལྟར།འབྲོག་དུད2335ཡི་ཁང་པ་ཉམས་གསོ་དང་སྲ་བརྟན་བྱས་པ།ཉམས་གསོ་བྱེད་ཡས་མ་དངུལ་སྒོར་ཁྲི536.2ཁ་གསབ་དོན་འཁྱོལ་བྱས་ཡོད་པ་རེད།