ད་ལོར་རང་ཁུལ་གྱིས་ཞིང་སྡེའི་རིག་གནས་ཞབས་ཞུའི་མ་ལག་གསོན་ཤུགས་གསར་པ་བསྣན།

ཡེ་མིང་གིས་བྲིས།        2011-04-12

ཟླ་བ3པའི་ཚེས28ཉིན།སྨྱུག་འཛིན་པས་ཁུལ་ཡོངས་ཀྱི་རིག་གནས་ལུས་རྩལ་རྒྱང་བསྒྲགས་གློག་བཪྙན་བཪྙན་འཕྲིན་གསར་འགྱུར་པར་སྐྲུན་ལས་ཀའི་གྲོས་ཚོགས་ཐོག་ནས་ཤེས་རྟོག་བྱུང་རྒྱུར།ད་ལོར་རང་ཁུལ་གྱིས་ཞིང་འབྲོག་ས་ཁུལ་གྱི་རིག་གནས་ཞབས་ཞུའི་མ་ལག་ལ་སྔར་ལས་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།     ངོ་སྤྲོད་བྱས་པར་གཞིགས་ན།ད་ལོའི་ནང་ཚུད་དུ་ཁུལ་མི་རིགས་དངོས་མང་བཤམ་སྟོན་ཁང་དང་ཁུལ་རྒྱང་བསྒྲགས་བཪྙན་ཁང་གི་རིག་རྩལ་འཁྲབ་སྟོན་ཁང་སོགས་རྣམ་གྲངས་ཀྱི་རྗེས་མཐུད་འཛུགས་སྐྲུན་ལས་འགྲུབ་དགོས་པའི་རྨང་གཞིའི་ཐོགགྲོང་སྡེ་ཚང་མར་ཁྱབ་པའི་འཁོར་སྐར་བསྡུ་ལེན་འཕྲུལ་ཆས་ཆ10000སྒྲིག་སྦྱོར་བྱ་རྒྱུ་ཡིན་པ་དང་།རྫོང་རིམ་པའི་ལྟེ་གནས་དང་གྲོང་སྡེ་རིམ་པའི་བཪྙན་འཕྲིན་མཐའ་སྣེ་སྒྲིག་ཆས་ཆ1749བཙུགས་རྒྱུའི་ལས་འགན་འགྲུབ་དགོས་པ་རེད།དེ་དང་ཆབས་ཅིག“ཞིན་བོད་ལས་གྲྭའི”དུས་རིམ་བཞི་པ་དང་དུས་རིམ་གཉིས་པའི་འཛུགས་སྐྲུན་ལས་འགན་འགྲུབ་པ་བྱས་ནས་རང་ཁུལ་གྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་བཪྙན་འཕྲིན་ལྟ་དཀའ་བ་དང་རྒྱང་བསྒྲགས་ཉན་དཀའ་བའི་གནས་ཚུལ་མེད་བཟོས་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།:རང་ཁུལ་གྱི་དམངས་གཉེར་དཔལ་འབྱོར་རྒྱུན་མཐུད་དང་མགྱོ གས་མྱུར་ངང་འཕེལ་རྒྱས་ཡོང་བཞིན་པ།
  • ལེ་ཚན་རྗེས་མ།:ཞིང་གྲོང་གསར་པའི་རྣམ་པས་ཡིད་སེམས་འགུགས།
  • དོ་སྣང་ཆེ་བའི་རྩོམ།