རང་ཁུལ་གྱི་དམངས་གཉེར་དཔལ་འབྱོར་རྒྱུན་མཐུད་དང་མགྱོ གས་མྱུར་ངང་འཕེལ་རྒྱས་ཡོང་བཞིན་པ།
དབྱངས་ཅན་གྱིས་བསྒྱུར། 2011-04-12
ན་ལོར།ཁུལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་འཕར་སྣོན་རིན་ཐང་དེ་སྒོར་དུང་ཕྱུར་48.41མངོན་འགྱུར་བྱུང་བ་དང་བརྒྱ་ཆ་16.8འཕར་ནས།འཕར་ཚད་ནི་ན་ལོ་ལས་བརྒྱ་ཆའི་གྲངས་7.4མགྱོགས་བ་དེ་2010ལོའི་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལས་བརྒྱ་ཆའི་གྲངས2.7མགྱོགས་སུ་འཕར་ཡོད།དམངས་གཉེར་དཔལ་འབྱོར་གྱི་འཕར་སྣོན་རིན་ཐང་ནང་ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་17.26ཡོད་པས་སྒོར་བརྒྱ་ཆ་5.9འཕར་ཡོད་པ་དང་།ཐོན་ལས་གཉིས་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར15.35ཡོད་པས་སྒོར་བརྒྱ་ཆ་27.2འཕར་ཡོད།ཐོན་ལས་གསུམ་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་15.80ཡོད་པས་བརྒྱ་ཆ་14.5འཕར་ཡོད།དམངས་གཉེར་དཔལ་འབྱོར་གྱིས་དཔལ་འབྱོར་འཕར་སྣོན་ཡོང་བར་བརྒྱ་ཆ་42.3གྱི་བྱས་རྗེས་འཇོག་ཡོད་པས་ན་ལོ་ལས་བརྒྱ་ཆའི་གྲངས་5.1མཐོ་རུ་གཏོང་ཡོད།དམངས་གཉེར་དཔལ་འབྱོར་གྱི་འཕར་སྣོན་རིན་ཐང་དེ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བསྡུར་ཚད་ཀྱི་བརྒྱ་ཆ་39.4ཟིན་པས།ན་ལོ་ལས་བརྒྱ་ཆའི་གྲངས0.8མཐོ་རུ་བཏང་ཡོད།