སྡེ་རོང་རྫོང་གིས་“ཆུ་གློག་གིས་རྫོང་ཕྱུག་འགྱུར་”གྱི་འཐབ་ཇུས་ལག་ལེན་བསྟར་བ།

ཨན་རུང་མེས་བསྒྱུར།        2011-04-12

     སྡེ་རོང་རྫོང་གི་མངའ་ཁོངས་ནང་“གཙང་བོ་གཅིག་དང་ཆུ་བོ་བཞི་”ཡོད་པས།ཆུའི་ཐོན་ཁུངས་ཧ་ཅང་འབེལ་བ་རེད།རྫོང་དེའི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་གི་གནས་ཚུལ་ལ་ཞིབ་ལྟ་དང་།ཚོད་ཐིག་པོའི་སྒོ་ནས་འབེལ་བའི་ཐོན་ཁུངས་དང་ས་གནས་ཀྱི་ཆ་རྐྱེན་བཟང་པོ།རྒྱལ་ཁབ་ཀྱིས་མ་དངུལ་གཏོང་ཕྱོགས་བཅས་ཁོང་དུ་ཡག་པོ་ཆུད་པའི་ཐོག་ཤུགས་ཆེན་པོས“ཆུ་གློག་གིས་རྫོང་ཕྱུག་འགྱུར་”གྱི་འཐབ་ཇུས་ལག་ལེན་བསྟར་བར་མ་ཟད།ད་ལོ་དེ་ཆུ་གློག་འཕེལ་རྒྱས་གཏོང་རྒྱུའི་ལོ་ཞིག་ཏུ་གཏན་ཁེལ་བྱ་རྒྱུའི་ཐག་བཅད་པ་རེད།
     མིག་སྔར་རྫོང་དེའི་ཆུ་གློག་གསར་སྦོལ་དུས་སྔོན་གྱི་ལས་ཀ་ཁག་ཇེ་མགྱོགས་སུ་སྐུལ་འདེད་གཏོང་བཞིན་ཡོད་པ།སོ་ཆུ་དང་ལྡིང་ཆུ་འབབ་རྒྱུད་ཀྱི་བྲག་རྩ་དང་ཕུ་མདོ།སྐེད་ཤོད་སོགས་ཀྱི་གློག་འདོན་ས་ཚུགས་ཁག་གཅིག་དེ་ས་བབ་ཚད་ལེན་དང་དངོས་རྫས་ཀྱི་དམིགས་ཚད་བརྟག་དཔྱད་སོགས་དུས་སྔོན་གྱི་འབྲེལ་ཡོད་ལས་ཀ་བྱེད་བཞིན་ཡོད་པ།དེའི་ནང་བཙན་དྲག་གློག་འདོན་ས་ཚུགས་དེ་བདེ་བླག་ངང་་གློག་འདོན་འགོ་ཚུགས་པ་དང་།ཆུ་ཤོད་གློག་འདོན་ས་ཚུགས་དེ་ཞིབ་བཤེར་ཆོག་མཆན་རག་པར་མ་ཟད།སྟོང་ཧྥུ་35ལྡན་པའི་ཨར་ལས་ཐད་གློག་སྤྱོད་པའི་སྐུད་ལམ་འཐེན་ཁྲིད་ཀྱི་ལས་ཡུལ་དངོས་རྩད་ཞིབ་ཐིག་ལེན་གྱི་ལས་ཀ་གྲུབ་པ།ཏེན་ནེང་ཀུང་སིས་མ་དངུལ་སྒོར་ཁྲི་1600བཏང་ནས་ལག་ལེན་བསྟར་བའི་སྐེད་ཤོད་ནས་དམའ་བོ་བར་གྱི་གཞུང་ལམ་ལས་ཚར་བ་མ་ཟད་ཞིབ་བཤེར་རྩིས་ལེན་བརྒྱུད་པ་དང་ལས་ཡུལ་དངོས་སུ་སྐྱོད་པའི་གཞུང་ལམ་གྱི་བརྒྱ་ཆ་70ལས་ཚར་བ།     མི་ཡི་ཆུ་འབབ་བརྒྱུད་དུ་རྫོང་དེས་པའེ་སི་ཏ་ཆུ་གློག་གསར་སྦོལ་ཚད་ཡོད་ཀུང་སི་དང་ཆུ་གློག་ས་སྦོལ་སྐོར་གྱི་གྲོས་མཐུན་འཇོག་པ།ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱིས་ཆོག་མཆན་སྤྲད་པར་མ་ཟད་དུས་སྔོན་ལས་ཀ་མགྱོགས་སུ་སྤེལ་དགོས་པའི་བླང་བྱའང་བཏོན་པ་རེད།     དུས་མཚུངས་སུ་རྫོང་དེས་ད་དུང་གློག་ཤུགས་འཛུགས་སྐྲུན་གྱི་ལས་ཀ་མགྱོགས་སུ་བྱེད་པ་དང་།ཤུགས་ཆེན་པོས་ཞིང་སྡེའི་གློག་དྲ་འཐུས་ཚང་གཏོང་རྒྱུའི་ཨར་ལས་ལག་ལེན་བསྟར་བ་དང་།སྟོང་ཧྥུ་35ལྡན་པའི་སྐུད་ལམ་སྤྱི་ལེ་214་དང་སྟོང་ཧྥུ་0.4ལྡན་པའི་སྐུད་ལམ་སྤྱི་ལེ་87.9གསར་ཁྲིད་དང་བསྒྱུར་བཀོད།སྐེད་ཤོད་ཀྱི་སྟོང་ཧྥུ་35ལྡན་པ་དང་གཤོང་ཚད་སྟོང་ཧྥུ་ཨན་1600ཡི་གློག་སྒྱུར་ས་ཚུགས་གཅིག་གསར་སྐྲུན།དམའ་གནོན་གློག་འགྲེམ་འཕྲུལ་ཆས་63བསྒྱུར་བཀོད་བཅས་བྱས་སྟབས།དུད་ཚང་1213ལ་བློས་ཁེལ་གྱི་གློག་སྤྱོད་བཅུག་པ་དང་།བརྒྱ་ཆ་བརྒྱའི་ཤང་དང་བརྒྱ་ཆ་98ཀྱི་གྲོང་ཚོ་ལ་གློག་གཏོང་ཐུབ་བ་བྱུང་བ།
  • ལེ་ཚན་སྔོན་མ།:བྲག་འགོ་རྫོང་གིས་དཔེ་གསར་ཅན་གྱི་སྦྲ་གུར་ཆ2476འབྲོག་པའི་ཚོའི་ལག་ཏུ་སྤྲད་ཚར།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་དམངས་གཉེར་དཔལ་འབྱོར་རྒྱུན་མཐུད་དང་མགྱོ གས་མྱུར་ངང་འཕེལ་རྒྱས་ཡོང་བཞིན་པ།
  • དོ་སྣང་ཆེ་བའི་རྩོམ།