བྲག་འགོ་རྫོང་གིས་དཔེ་གསར་ཅན་གྱི་སྦྲ་གུར་ཆ2476འབྲོག་པའི་ཚོའི་ལག་ཏུ་སྤྲད་ཚར།
ཡེ་མིང་གིས་བྲིས། 2011-04-12
ཟླ་བ4པའི་ཚེས6ཉིན་སྨྱུག་འཛིན་པས་ཁ་པར་ཐོག་ནས་བྲག་འགོ་རྫོང་འབྲོག་པའི་གཞིས་ཆགས་བྱེད་མཁན་གཞུང་ལས་ཁང་གི་འགན་འཁུར་མི་སྣ་ལ་བཅར་འདྲི་བྱའི་ནས་ཤེས་རྟོགས་བྱུང་རྒྱུར།རྫོང་དེས་དཔེ་གསར་ཅན་གྱི་སྦྲ་གུར་ཆ2476དེ་འབྲོག་པའི་ཚོའི་ལག་ཏུ་སྤྲད་ཚར་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན།ཟླ་བ3པའི་ཚེས28ཉིན།བྲག་དཔེ་གསར་ཅན་གྱི་སྦྲ་གུར་སྐྱེལ་འདྲེན་བྱེད་མཁན་གྱི་དམག་ཁུངས་རླངས་འཁོར68ཀྱིས་ཏང་དང་སྲིད་གཞུང་གིས་གཅེས་སེམས་འཁྱེར་ནས་དཀར་མཛེས་ཁུལ་འབྲོག་ཁུལ་དུ་བསྐྱོད་པ་རེད།ཟླ་བ3པའི་ཚེས31ཉིན་ནས་ཟླ་བ4པའི་ཚེས2ཉིན་གྱི་བར་བྲག་འགོ་རྫོང་གིས་འཆར་གཞི་ལྟར་དཔེ་གསར་ཅན་གྱི་སྦྲ་གུར་རྣམས་འབྲོག་པ་ཚོའི་ལག་ཏུ་སྤྲད་པ་རེད།ཟླ་བ4པའི་ཚེས2ཉིན་གྱི་མཚན་མོར་སླེབས་དུས་དཔེ་གསར་ཅན་གྱི་སྦྲ་གུར་ཚང་མ་འབྲོག་པའི་ཚོའི་ལག་ཏུ་འབྱོར་བར་བརྟེན།བྲག་འགོ་རྫོང་གི་འབྲོག་པ་ཁྲི13000ལྷག་ཙམ་ལ་ཕན་པ་ཐོབ་པ་རེད། སྨྱུག་འཛིན་པས་ཁ་པར་ཐོག་ནས་བཅར་འདྲི་བྱེད་སྐབས་ལི་ཁོག་མ་སྨད་པའི་ཤང་འབྲོག་དམངས་འཕྲིན་ལས་ཀྱིས་སེམས་འགུལ་ཐེབས་པའི་ངང་ནས་བཤད་རྒྱུར།“རྗེས་སུ་ང་ཚོས་དེང་རབས་དཔལ་ཡོན་གྱི་འཚོ་བ་ལོངས་སུ་སྤྱོད་ཆོག་ཅིང་།དཔེ་གསར་ཅན་གྱི་སྦྲ་གུར་འདི་དག་ནི་ཕྱིའི་རྣམ་པ་མཛེས་ཤིང་།འཁུར་ན་ཡང་ཤིང་སྟབས་བདེ་མོ་འདུགའདི་ནི་ཏང་དང་སྲིད་གཞུང་གིས་ང་ཚོར་ཡང་དུ་སྒྲུབ་གཉེར་བྱས་པའི་དོན་ཆེན་བཟང་པོ་ཞིག་རེད།”དཔེ་གསར་ཅན་གྱི་སྦྲ་གུར་སྐྱེལ་བྱེད་མཁན་གྱི་དམག་ཁུངས་རླངས་འཁོར་རེ་རེ་བཞིན་རྫོང་མཁར་ལ་འབྱོར་བའི་རྣམ་པ་མཐོང་དུས།སྔོན་ཆད་དམག་ནང་ཞུགས་མྱོང་བའི་གཙང་སྨད་ཤང་གི་ཤང་ཀྲང་བློ་གྲོས་དབང་ཕྱུག་གིས་སྨྱུག་འཛིན་པར་བཤད་རྒྱུར།གཙང་སྨད་ཤང་གི་དཔེ་གསར་ཅན་གྱི་སྦྲ་གུར་ཚང་མ་ཤང་གི་རྒྱལ་རའི་ནང་འབྱོར་ཚར།ངའི་ལས་འགན་ནི་མགྱོགས་མྱུར་དུ་དཔེ་གསར་ཅན་གྱི་སྦྲ་གུར་དེ་དག་འབྲོག་པའི་ཚོའི་ལག་ཏུ་སྤྲད་རྒྱུ་འདི་རེད།