ཞིང་འབྲོག་བུ་ཕྲུག་ལ་ཐུགས་ཁུར་བྱས་ཏེ། བདེ་ལེགས་ངང་འཚར་ལོངས་བྱུང་དུ་འཇུག་པ།

        2011-04-11

གསེར་རྟ་རྫོང་གུང་གཞོན་ཚོགས་པས་ཀྲུང་གོའི་ན་ཆུང་དང་བླངས་བའི་ཞབས་ཕྱི་བསྒྲུབ་པའི་སྐལ་བཟང་སྤྱད་དེ།མཛའ་བརྩེ།ཡར་ཐོན།གཅིག་ཕན་གཅིག་གྲོགས།ལེགས་སྐྱེས་འབུལ་བ་བཅས་ཀྱི་དང་བླངས་པའི་སྙིང་སྟོབས་དར་སྤེལ་ཆེད།ཞིང་འབྲོག་དབུལ་ཕོངས་བུ་ཕྲུག་ལ་སློབ་སྦྱོང་རོགས་སྐྱོར་གྱི་བྱ་འགུལ་སྤེལ་བ་རེད།
     གུང་གཞོན་ཚོགས་པས་རྫོང་མཁར་སློབ་ཆུང་གི་ཞིང་འབྲོག་སློབ་མ་དང་།དབུལ་ཕོངས་ཁྱིམ་ཚང་གི་བུ་ཕྲུག་དྲུག་ཅུ་ལྷག་ལ།དཔེ་ཁུག་དང་།སྨྱུག་སྒམ།ལྟ་ཀློག་དཔེ་དེབ།རྩེད་ཆས་སོགས་སློབ་མར་མཁོ་བའི་ཅ་ལག་གནང་སྦྱིན་བྱས།སློབ་གྲོགས་ཚོའི་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་རྒྱུས་ལོན་བྱས་པ་མ་ཟད།སྙིང་སྟོབས་ཆེན་པོས་སློབ་གྲོགས་ཚོར།ན་ཆུང་དང་བླངས་པ་དང་མཉམ་དུ།ཕན་ཚུན་སློབ་སྦྱོང་དང་།འཚོ་བ་སོགས་ཕྱོགས་གང་ཐད་ནས་རྒྱུས་ལོན་དགོས་པར་སྐུལ་སློང་མཛད།
     བྱ་འགུལ་སྤེལ་བ་དེས།ཞིང་འབྲོག་བུ་ཕྲུག་དང་།དཀའ་ངལ་ཅན་གྱི་བྱིས་པ་ཚོའི་སྤྱི་ཚོགས་ཁྱིམ་ཚང་ཆེན་པོའི་བདེ་སྐྱིད་དངོས་སུ་མྱངས།ད་དུང་འཚོ་བ་དང་སློབ་སྦྱོང་གི་ཐད་ལ་བླ་ན་མེད་པའི་སྐུལ་སློང་དང་།སྔོན་དཔག་ལས་འདས་པའི་གྲུབ་འབྲས་གཡུར་དུ་ཟ་བ་ལོན།
  • ལེ་ཚན་སྔོན་མ།: དཔེ་གསར་ཅན་གྱི་སྦྲ་གུར་ཉིས་སྟོང་བཞི་བརྒྱ་ལྷག་ཙམ་བྲག་འགོ་རྫོང་ལ་འབྱོར་ནས་ལས་བྱེད་པ་དང་མང་ཚོགས་ཚོས་དག
  • ལེ་ཚན་རྗེས་མ།:བྲག་འགོ་རྫོང་གིས་དཔེ་གསར་ཅན་གྱི་སྦྲ་གུར་ཆ2476འབྲོག་པའི་ཚོའི་ལག་ཏུ་སྤྲད་ཚར།
  • དོ་སྣང་ཆེ་བའི་རྩོམ།