དཔེ་གསར་ཅན་གྱི་སྦྲ་གུར་ཉིས་སྟོང་བཞི་བརྒྱ་ལྷག་ཙམ་བྲག་འགོ་རྫོང་ལ་འབྱོར་ནས་ལས་བྱེད་པ་དང་མང་ཚོགས་ཚོས་དགའ་བསུ་ཞུས
སྒྲོལ་མ་ཚེ་མཚོས་བསྒྱུར། 2011-04-11
ཟླ་བ3པའི་ཚེས30ཉིན་གྱི་ཆུ་ཚོད17དང་སྐར20ཡི་ཐོག་སྦྲ་གུར2476འཇུག་པའི་རླངས་འཁོར་རུ་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བོད་ཁུལ་གྱི་འབྲོག་པ་ལ་གནང་བའི་ཐུགས་ཁུར་ཁྱེར་ནས་བདེ་འཇགས་ངང་བྲག་འགོ་རྫོང་ལ་བསྐྱལ་བ།ཟླ་བ3པའི་ཚེས28ཉིན་སྐྱེལ་འདྲེན་རླངས་འཁོར་ནང་དཔེ་གསར་ཅན་གྱི་སྦྲ་གུར་གང་འཇུག་ནས་ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ས་ཁུལ་ནས་ཆས་ཏེ་རྒྱ་མཚོའི་ངོས་མཐོ་ཚད་སྨི3000ལྷག་ཙམ་ཡོད་པའི་ཨེར་ལའང་རི་བོ་དང་རྒྱུ་ལ་བརྒལ་ནས་མཐོ་སྒང་གི་དབྱང་རླུང་མི་འདང་བ་དང་རི་མཐོ་ཞིང་ལམ་འདྲེད་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས་ཆུ་ཚོད50ཐོག་རྒྱང་ཐག་སྤྱི་ལེ600ལྷག་ཙམ་བསྐྱོད་ནས་སྦྲ་གུར་སྐྱེལ་ཡུལ་དུ་འབྱོར་བ་རེད།ཉིན་དེར།རླངས་འཁོར་རུ་ཁག་གིས་ཡུལ་དེར་བཅའ་སྡོད་བྱེད་མཁན་དྲག་ཆས་ཉེན་རྟོག་དཔོན་དམག་དང་རྫོང་དང་ཤང་གི་ལས་བྱེད་པས་གཞོགས་འདེགས་འོགདཔེ་གསར་ཅན་གྱི་སྦྲ་གུར་བྲག་འགོ་རྫོང་མཁར་དུ་བསྐྱལ་བ་རེད།སྦྲ་གུར་དེ་ཚོ་ཚེས31ཉིན་འབྲོག་ལས་རྐྱང་པ་ཡིན་པའི་ཤང་དང་གྲོང་རྡལ6ཏུ་བགོ་སྤྲོད་བྱས་པ་རེད།