རང་རེའི་ཞིང་ཆེན་གྱིས་བོད་ཁུལ་གྱི་དམངས་འཚོ་ལས་གྲྭའི་གྲོས་ཚོགས་ཐོག་ཞིང་འབྲོག་མི་དམངས་ཀྱི་འཚོ་བ་ཇེ་ཡག་ཡོང་འཇུག་དགོས་ཞེས་བཏོན།
སྒྲོལ་མ་ཚེ་མཚོས་བསྒྱུར། 2011-04-11
ད་ལོར་མ་དངུལ་སྒོར་དུང་ཕྱུར87བཏང་ནས་དམངས་འཚོ་ལེགས་བཅོས་གཏོང་རྒྱུ།
ཟླ་བ3པའི་ཚེས25ཉིན།ཞིང་ཆེན་ཏང་ཨུ་དང་ཞིང་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་གྱི་དམངས་འཚོ་ལས་ཀའི་གྲོས་ཚོགས་འཚོགས་ནས་བོད་ཁུལ་དམངས་འཚོ་ལས་ཀ་བཀོད་སྒྲིག་བྱས་པ།གྲོས་ཚོགས་ཐོག་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར།དམངས་འཚོ་འགན་སྲུང་དང་ཁག་ཐེག་བྱ་རྒྱུ་དེ་བས་གལ་འགངས་ཆེ་བའི་གནས་སུ་བཞག་ནས་མུ་མཐུད་ནས་ནོར་སྲིད་གཏོང་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་བ།བོད་ཁུལ་གྱི་དམངས་འཚོ་ལས་ཟབ་སྤེལ་གཏོང་རྒྱུར་སྐུལ་འདེད་བཏང་ནས་བོད་ཁུལ་མང་ཚོགས་ཀྱི་འཚོ་བ་ཇེ་ཡག་ཡོང་བཅུག་དགོས་ཞེས་ནན་པོ་བཏོན་པ་རེད།
ད་ལོར་བོད་ཁུལ་གྱི་དམངས་འཚོ་ལས་གྲྭ་ཆེན་པོ་གསུམ་དང་དམངས་འཚོ་རྣམ་གྲངས་གཞན་དག་ལ་སྒོར་དུང་ཕྱུར8725གཏོང་རྒྱུ་འཆར་གཞི་བཞག་པ།དམངས་འཚོ་ལས་གྲྭ་ཆེན་པོ་གསུམ་ལ་སྒོར་དུང་ཕྱུར25གཏོང་རྒྱུ་འཆར་གཞི་ཡོད་པ་རེད།བོད་ཁུལ་གྱི་འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་གཞི་དང་སྦྲ་གུར་ནང་འཚོ་བ་གསར་པ་རོལ་བའི་བྱ་སྤྱོད་འཆར་གཞིས་འབྲོག་དུད་གཞིས་ཆགས་ཁང་པ25757འཛུགས་སྐྲུན་འགྲུབ་པ་བྱས་ནས་འབྲོག་པ་ཁྲི126ལ་གཞིས་ཆགས་མངོན་འགྱུར་ཡོང་བ་བྱེད་རོགས་བྱ་རྒྱུ།རིན་པ་མི་དགོས་པའི་དཔེ་གསར་ཅན་གྱི་སྦྲ་གུར་ཁྲི10བགོ་སྤྲོད་བྱ་རྒྱུ།ལོ་དགུའི་འོས་འགན་སློབ་གསོའི་ཐོག་ལོ་གསུམ་གྱི་འབྲིང་རིམ་ལས་རིགས་སློབ་གསོ་བསྣན་པའི་རིན་པ་མི་དགོས་པའི་སློབ་གསོ་འཆར་གཞིའི་ནང་སློབ་མ10000བསྡུ་རྒྱུ།འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་ལོ་བཅུའི་བྱ་སྤྱོད་འཆར་གཞིའི་ནང་རྫོང་དང་ཤང་གྲོང་ཚོ་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་གསར་འཛུགས་དང་རྒྱ་སྐྱེད་གཏོང་རྒྱུ།རྒྱ་ཡུལ་གྱི་རིམ་པ་གསུམ་པའི་སྨན་ཁང་གིས་བོད་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་ནས་ཞིང་སྡེ་འཕྲོད་བསྟེན་མི་སྣ་གསོ་སྦྱོང་བྱེད་པ་དང་།ཐུམ་འབུའི་ནད་དང་རུས་ཚིགས་ཀྱི་ནད་སྔོན་འགོག་བྱ་རྒྱུ།དཔེ་གསར་ཅན་གྱི་ཞིང་སྡེའི་མཉམ་ལས་སྨན་བཅོས་ལག་བསྟར་བྱ་རྒྱུ་རེད།དེ་མིན་དམངས་འཚོ་རྣམ་གྲངས་ལ་སྒོར་དུང་ཕྱུར6225གཏོང་རྒྱུ་རེད།་སྔོན་གྱི་དམངས་ཕྱུག་ཁམས་བདེ་ལས་གྲྭ་རིགས་ཆེན་པོ་དྲུག་དེ་རིགས་ཆེན་པོ་ལྔ་རུ་ཟླ་སྒྲིག་བྱེད་པ་དང་།ཁྱོན་བསྡོམས་རྣམ་གྲངས་དངོས118ཡོད་པ་རེད།དེའི་ནང་དམངས་འཚོ་ལེགས་བཅོས་གཏོང་རྒྱུའི་རིགས51དང་།རྨང་གཞི་སྒྲིག་ཆས་རིགས་ཀྱི་རྣམ་གྲངས16 ཁྱད་ཆོས་ལྡན་པའི་ཐོན་ལས་རིགས་ཀྱི་རྣམ་གྲངས15 སྐྱེ་ཁམས་ཁོར་ཡུག་རིགས་ཀྱི་རྣམ་གྲངས16 སྤྱི་པའི་ཞབས་ཞུ་རིགས་ཀྱི་རྣམ་གྲངས17བཅས་ལག་བསྟར་བྱ་རྒྱུ་རེད།