དཔེ་གསར་ཅན་གྱི་སྦྲ་གུར་དྲུབས་ནས་བོད་ཁུལ་མང་ཚོགས་ལ་འབུལ་རྒྱུ།
ལྷ་འཛོམས་ཀྱིས་བསྒྱུར། 2011-04-07
ཟླ་བ5པའི་ཟླ་མཇུག་སྔོན་དུ་དཔེ་གསར་ཅན་གྱི་སྦྲ་གུར་ཁྲི10གཏོང་སྤྲོད་བྱ་རྒྱུ་ཡིན་པ། ཟླ་བ5པའི་ཟླ་མཇུག་སྔོན་དུ་དཔེ་གསར་ཅན་གྱི་སྦྲ་གུར་ཁྲི10ཐོན་སྐྱེད་དང་གཏོང་སྤྲོད་བྱ་རྒྱུར་ཁག་ཐེག་བྱེད་ཆེད།ཁྲེན་ཏུའུ་ཡུང་ཡེ་ཚད་ཡོད་ཀུང་སིས་ཚེས17ཉིན་ནས་བཟུང་།སྐྱེལ་འདྲེན་ས་གནས་མང་པོར་སྦྲ་གུར་རླངས་འཁོར་ནང་འཇོག་རྒྱུ་བཀོད་སྒྲིག་བྱས།སྔོན་རི་ལྟར་སྤུངས་པའི་སྦྲ་གུར་དེ་ཚོ་གཅིག་རྗེས་གཉིས་མཐུད་དུ་རླངས་འཁོར་ནང་བཅུག་པ།ཡུང་ཡེ་ཀུང་སིའི་ལས་ཀའི་ཁུར་པོ་དེ་བས་ལྗིད་པོ་ཡིན་པ། ཀོང་ཧན་གྲོང་ཁྱེར་དུ་གནས་པའི་སི་ཁྲོན་ཞིན་ལི་ཏ་ཀོ་ཆས་ཚད་ཡོད་འགན་འཁྲི་ཀུང་སིའི་འཚེམ་འཁོར་བརྒྱ་ལྷག་གིས་དཔེ་གསར་ཅན་གྱི་སྦྲ་གུར་འཚེམ་བཞིན་ཡོད།དཔེ་གསར་ཅན་གྱི་སྦྲ་གུར་དེ་གཞི་ཁྱོན་ཆེ་ལ་དམིགས་བསལ་གྱི་རས་ཡིན་པའི་རྐྱེན་གྱིས་སྔོན་མ་མི་གཅིག་གི་ལས་ཀ་དེ་ད་ལྟ་མི་གཉིས་ཀྱི་ལས་དགོས་པ།ཀུང་སི་དེས་དུས་ཐོག་ཏུ་ཐོན་སྐྱེད་ལས་འགན་ཁག་ཐེག་བྱེད་ཆེད།སྒྲིག་ཆས་ཆ་ཚང100ལྷག་ཙམ་དང་བཟོ་པ་ལྡབ་གཅིག་ལྷག་ཙམ་གསར་སྣོན་བྱས་ནས་སྦྲ་གར་ཚེམ་པ་རེད། ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་དོན།སྦྲ་གུར་ཚང་མར་ཐོན་སྐྱེད་བྱེད་མཁན་གྱི་ཁེ་ལས་དང་ཚོང་རྗེས་ཀྱི་ཞབས་འདེགས་གཞན་ཁུར་མི་མིང་།འབྲེལ་བ་བྱེད་སྟངས་བཅས་བཀོད་ནས་སྤུས་ཚད་མི་ཡག་ན་འཚོལ་ས་ཡོད་པ།བཟོ་གྲྭའི་སྒོ་ཁའི་སྦྱར་ཡིག་ཐོག་བཀོད་པ་ལྟར་ཁབ་སྐུད་རེ་ཙམ་ཡག་མོ་ཚེམ་ནས་བོད་རིགས་མང་ཚོགས་ལ་གཅེས་སེམས་འབུལ་ཞིང་བདེ་དྲོད་སྟེར་པ་རེད།གཅེས་སེམས་ཀྱི་དམངས་སེམས་དྲོན་ཞིང་།ཧུར་ཐག་གིས་མཆོང་བརྒལ་ལམ་བུ་འཚོལ།