ཤིས་པའི་རྟེན་འབྲེལ་འཛོམས་པའི་བོད་ལོ་གསར་གྱི་ཉིན་དང་པོ།

ངེད་གསར་འགྱུར་ཐོ་འགོད་པ་ཡེ་མིང་གིས་བྲིས།        2011-03-08

ཟླ་བ3པའི་ཚེས5ཉིན་དར་མདོ་རྫོང་ལྷ་སྒང་ཤང་ལྕམ་པ་གྲོང་ཚོའི་འབྲོག་པའི་གཞིས་ས་ཚུགས་སུ་ཤིས་པའི་རྟེན་འབྲེལ་གྱི་རྣམ་པས་ཁེངས་བཞིན་འདུག    ཉིན་འདི་ཉིན་ནི་བོད་ལྕགས་ཡོས་ལོའི་ཚེས་གཅིག་ཡིན་པས་འབྲོག་པ་ཚོས་ལྷན་འཛོམས་བྱས་ནས་ལོ་གསར་ལ་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད།
“སྲིད་གཞུང་གིས་ང་ཚོར་སྡོད་ཁང་གསར་པ་སྐྲུན་རོགས་བྱེད་པ་དང་།སྦྲ་གུར་གསར་པ་སྟེར་བས་མ་ཚད་ད་རུང་ཁྱེར་བདེ་བའི་བཪྙན་འཕྲིན་སྟེར་བྱུང”ཞེས་རྡོ་རྗེ་དཔལ་ཆེན་གྱིས་སེམས་འགུལ་ཐེབས་པའི་ངང་ནས་སྨྱུག་འཛིན་པར་བྱེད་པའི་ངོ་སྤྲོད་ཚུལ་གྱི་བཤད་པའི་སྐད་ཆ་དུམ་བུ་ཞིག་རེད།
ངོ་སྤྲོད་བྱས་པར་གཞིགས་ན། འདི་ནི་ལྕམ་པ་གྲོང་ཚོའི་འབྲོག་པ་ཚོས་སྡོད་ཁང་གསར་པའི་ནང་སྤོས་རྗེས་གཏོང་བའི་བོད་ལོ་གསར་ཨང་དང་པོ་ཡིན་པ་རེད།ཚེས5ཉིན་ནི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོགས་པ་དང་ཏག་ཏག་འཁེལ་བར་བརྟེན། གྲོང་ཚོའི་འགན་འཁུར་བ་རྡོ་རྗེ་དཔལ་ཆེན་གྱིས་གྲོང་དམངས་ཚོ་འདུ་འཛོམས་བྱས་ནས་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལ་ལྟ་རྒྱུའི་གཏན་འཁེལ་བྱས་པ་རེད།དམིགས་ཡུལ་ནི་དེང་སང་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཉིན་རེ་ལས་ཉིན་རེར་ཡག་པ་དང་།ཚོགས་ཆེན་གཉིས་ཀྱི་ནང་དོན་ཕལ་ཆེ་ཤོས་འབྲོག་དམངས་ཚོ་དང་འབྲེལ་བ་ཡོད་པས་ལོ་གསར་ཉིན་དང་པོར་རྒྱལ་ཁབ་ཀྱི་འཕྲིན་བཟང་དེ་ལོ་གསར་གྱི་ལེགས་སྐྱེལ་དུ་གྱུར་པ་རེད།
རང་རེའི་ཞིང་ཆེན་གྱིས་བོད་ཁུལ་གྱི་འབྲོག་སྡེ་གཞིས་ཆགས་བྱ་སྤྱོད་འཆར་གཞི་དང་སྦྲ་གུར་གྱི་འཚོ་བ་གསར་པའི་བྱ་སྤྱོད་ལག་ལེན་བསྟར་ནས་བོད་ཁུལ་འབྲོག་སྡེ་གཞིས་ཆགས་ས་ཚུགས་ཇེ་མགྱོ གས་སུ་བསྐྲུན་པར་བརྟེན། ན་ནིང་ལོའི་ཟླ་བ9པའི་ནང་ལྕམ་པ་གྲོང་ཚོའི་དུད་ཚང116སྡོད་ཁང་གསར་པའི་ནང་སྤོས་ཡོད་པ་རེད།
  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་དུ་ཡོད་པའི་བོད་རིགས་ཚོས་དགའ་དགའ་སྤྲོ་སྤྲོས་བོད་ལོ་སར་རོལ།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གི་གཞིས་ཆགས་འབྲོག་པས་སྤྲོ་སེམས་ཁེངས་ནས་བོད་ཀྱི་ལོ་གསར་རོལ།
  • དོ་སྣང་ཆེ་བའི་རྩོམ།