ལྕགས་ཟམ་རྫོང་དུ་ཡོད་པའི་བོད་རིགས་ཚོས་དགའ་དགའ་སྤྲོ་སྤྲོས་བོད་ལོ་སར་རོལ།

ངེད་གསར་འགོད་པ་ཀུན་དགའ་བསམ་གཏན་གྱིས་བྲིས།        2011-03-08

ཟླ་བ3པའི་ཚེས5ཉིན། ལྕགས་ཟམ་རྫོང་དུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་བོད་ཀྱི་གནམ་ལོ་གསར་པ་བསུ་མ་བྱེད་པའི་ཆེད་དུ་དུས་ཆེན་གྱི་གཟབ་མཆོར་སྤྲས་ཏེ་ལྕགས་ཟམ་ཐང་ཆེན་དུ་སྙན་ཞིང་འཇེབས་པའི་གླུ་དབྱངས་ལེན་པ་དང་མཉེན་པའི་ཉམས་འགྱུར་གྱི་ཟློས་གར་འཁྲབ་ཏེ་དགའ་དགའ་སྤྲོ་སྤྲོས་བོད་ལོ་སར་རོལ་བ་རེད།《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པའི་མཉམ་ལེན་གླུ་དབྱངས་ཁྲོད་ནས་རིག་རྩལ་མཛད་སྒོ་དེ་འགོ་ཚུགས་ཤིང་། དེའི་རྗེས《དཀར་མཛེས་རྡོག་བྲོ》དང་《བཀྲ་ཤིས་པའི་ས་ཆ།》《སྨོན་འདུན》སོགས་ཀྱི་འཁྲབ་གཞས་མིག་གི་བདུད་རྩིར་གྱུར་པ་མང་པོས་ལོ་གསར་བསུ་བའི་མཛད་སྒོ་ལ་སྔར་མེད་ཀྱི་སྤྲོ་སྣང་དང་གསོན་ཤུགས་བསྣན་པ་རེད།
ལི་ཐང་ནས་ཡོང་བའི་མི་རྒན་བཀྲ་ཤིས་ཀྱིས་ལུས་ལ་བོད་ལྭ་གསར་པ་ཞིག་གྱོ ན་ཏེ་གདོང་ལ་འཛུམ་གྱིས་ཁེངས་ནས་གསར་འགོད་པར་བཤད་རྒྱུར། ལྕགས་ཟམ་རྫོང་ཨུ་དང་རྫོང་སྲིད་གཞུང་། ལས་ཁུངས་ཁག་གི་འགོ་ཁྲིད་རྣམ་པས་བོད་ཀྱི་ལོ་སར་བརྩི་མཐོང་ཆེན་པོ་བྱས་ཏེ་དེ་རིང་ལྕགས་ཟམ་ཐང་ཆེན་དུ་ཡོང་ནས་བོད་ཀྱི་ལོ་སར་བཀྲ་ཤིས་བདེ་ལེགས་ཞུ་པས་མ་ཚད་གང་ཅིའི་ཐད་ལ་ང་ཚོར་རོགས་རམ་བྱས་པ་རེད། དེ་རིང་བཀྲ་ཤིས་པའི་ཉིན་མོ་འདིར་ང་ཚོ་འདི་ན་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་དགའ་བའི་གླུ་དང་སྐྱིད་པའི་ཞབས་བྲོ་འཁྲབ་སྟེ་ལོ་གསར་པ་བསུ་བས་སེམས་པ་ཧ་ཅང་སྐྱིད་པོ་འདུག ལྷག་པར་དུ་རྫོང་ཁག་བཅོ་བརྒྱད་ནས་ཡོང་པའི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པ་རྒན་པ་རྣམས་ད་ལྟའི་འཚོ་བ་གསར་པར་ཉམས་སུ་མྱོང་ཆོག་པ་དང་བོད་རིགས་མི་དམངས་ཀྱི་འཚོ་བ་ཉིན་བཞིན་ཡར་ཐོན་ཕྱིན་པ་མིག་གིས་མཐོང་བ་དེ་ལས་སེམས་སུ་སྤྲོ་བ་ཁེངས་པ་ཞིག་རེད།
  • ལེ་ཚན་སྔོན་མ།:བྲག་འགོ་རྫོང་གིས་གཙང་སྦྲའི་བྱ་འགུལ་སྤེལ།
  • ལེ་ཚན་རྗེས་མ།:ཤིས་པའི་རྟེན་འབྲེལ་འཛོམས་པའི་བོད་ལོ་གསར་གྱི་ཉིན་དང་པོ།
  • དོ་སྣང་ཆེ་བའི་རྩོམ།