གསེར་ཐར་རྫོང་གིས་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་ལས་སྒོ་སྦྱོང་བརྡར་བྱས།

དབྱངས་ཅན།        2012-05-29

     ཉེ་ཆར། གསེར་ཐར་མི་ནུས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་ལས་སྒོའི་གསོ་སྐྱོང་སྦྱོང་བརྡར་དང་ལས་ཀ་སྐུལ་འདེད་གཏོང་བའི་གྲོས་ཚོགས་འཚོགས་པ་རེད། ཤང་དང་གྲོང་རྡལ་སོ་སོ་དང་། སྡེ་ཁག་སོ་སོའི་འགན་ཁུར་མི་སྣ། སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་ལས་སྒྲུབ་མི་སྣ་སོགས་ཁྱོན་བསྡོམས་མི་གྲངས200ལྷག་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་གསོ་སྐྱོང་སྦྱོང་བརྡར་ནང་ཞུགས་ཡོད་པ་རེད།
     ཐེངས་འདིའི་གསོ་སྐྱོང་སྦྱོང་བརྡར་གྱི་ནང་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི“འགན་ལེན་ལྔའི”གཞི་གྲངས་སྙན་ཞུ་དང་། མི་སྣ་འགྱུར་ལྡོག དངུལ་རྩལ་བསྡུ་ལེན་དང་ཞིབ་གཤེར་གཏན་འབེབས་བཅས་དང་“རྣམ་པ་གསར་པའི་ཞིང་སྡེའི་མཉམ་ལས་སྨན་བཅོས་ཉེན་འགོག་འགན་ལེན་”དང་“རྣམ་པ་གསར་པའི་ཞིང་སྡེའི་མཉམ་ལས་སྨན་བཅོས”ཀྱི་ལས་སྒོ་སྒྲུབ་རིམ་དང་ཞིབ་བསྡུར་གྱི་གོ་རིམ་སོགས་ཀྱི་ནད་དོན་འདུས་ཡོད་པ་དང་། ཁྱོན་བསྡོམས་གསོ་སྦྱོང་ཡིག་ཆ210ལྷག་གཏོང་སྤྲོད་བྱས་ཡོད།
  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་ཤུག་རི་གླིང་ཡུལ་གོམས་སྐྱེད་ཚལ་རྣམ་གྲངས་ཀྱི་ཆིངས་ཡིག་ལ་ཁྲེང་ཏུའུ་ནས་མིང་རྟགས་བཀོད་པའི་མ
  • ལེ་ཚན་རྗེས་མ།:གསེར་རྟ་རྫོང་ནས་བོད་ཁུལ་གྱི་ཆེས་སྔ་བའི་གླིང་གེ་སར་རྒྱལ་པོའི་རྡོ་རྐོས་འདྲ་སྐུ་ཞིག་རྙེད།
  • དོ་སྣང་ཆེ་བའི་རྩོམ།