དཀར་མཛེས་རྫོང་ཤུག་རི་གླིང་ཡུལ་གོམས་སྐྱེད་ཚལ་རྣམ་གྲངས་ཀྱི་ཆིངས་ཡིག་ལ་ཁྲེང་ཏུའུ་ནས་མིང་རྟགས་བཀོད་པའི་མཛད་སྒོ་བསྡུས།

བདེ་སྐྱིད།        2012-05-29

ཉེ་ཆར། དཀར་མཛེས་རྫོང་མི་དམངས་སྲིད་གཞུང་དང་ཁྲེང་ཏུའུ་ཡི་ཙི་ཧུའེ་དངུལ་འཇོག་ཚད་ཡོད་ཀུང་སི་དང་མཉམ་གཉེར་གསར་སྦོལ་བྱས་པའི་དཀར་མཛེས་རྫོང་ཤུག་རི་གླིང་ཡུལ་སྲོལ་གོམས་འདྲིས་ཀྱི་སྐྱེད་ཚལ་རྣམ་གྲངས་ལས་རྒྱུའི་ཆིངས་ཡིག་ཐོག་མིང་རྟགས་འགོད་པའི་མཛད་སྒོ་དེ་ཁྲེན་ཏུའུ་ཡི་ཅིང་ཅང་མགྲོན་ཁང་ནང་སྤེལ་བ་རེད།
     དཀར་མཛེས་རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གཞོན་པ། རྫོང་ཨུའི་རྒྱུན་ཨུ་སོགས་དང་ཁྲེན་ཏུའུ་ཡི་ཙི་ཧོན་དངུལ་འཇོག་ཚད་ཡོད་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་ཁྲིད་ཡོན་ཧྭ་ཆིང་། སྤྱི་ཁྱབ་བདག་གཉེར་པ་ཁྲེན་ཙེ་ལིན། རྒྱུན་ལས་བདག་གཉེར་གཞོན་པ་ཁྲེང་ཡུང་སོགས་རྣམ་གྲངས་འཇོག་པའི་མཛད་སྒོ་ནང་ཞུགས་ཡོད། དཀར་མཛེས་རྫོང་གི་རྫོང་དཔོན་ལུང་མིང་ཨ་སྒྲོན་དང་ཁྲེན་ཏུའུ་ཙི་ཧུའེ་དངུལ་འཇོག་ཚད་ཡོད་ཀུང་སིའི་ཁྲིམས་བཀོད་འཐུས་ཚབ་ལིའུ་ཝེ་གཉིས་ཀྱིས་ཁག་བགོས་ཏེ་ཕྱོགས་གཉིས་ཀྱི་ཚབ་བྱས་ནས་གསར་སྦོལ་རྣམ་གྲངས་འཇོག་པ། དེ་ནས་བཟུང་ཕྱོགས་གཉིས་ཀྱིས་རྣམ་གྲངས་མཉམ་གཉེར་བྱེད་པའི་འགོ་ཚུགས་པའི་དུས་རིམ་གསར་པ་ཞིག་གི་ནང་སླེབས་པ་མཚོན་ཡོད་པ་རེད།
     དཀར་མཛེས་རྫོང་ཤུག་རི་གླིང་ཡུལ་སྲོལ་གོམས་འདྲིས་ཀྱི་སྐྱེད་ཚལ་རྣམ་གྲངས་འཛུགས་སྐྲུན་བྱེད་ས་ནི་རྫོང་དེའི་དཀར་མཛེས་གྲོང་རྡལ་ཡིན།གཙོ་བོ་ཆུ་ཚན་གྱིས་ལྟེ་བ་བྱས་ནས་ཆུ་ཚན་གྱི་མགྲོན་ཁང་འཛུགས་སྐྲུན་དང་ཆུ་ཚན་གྱི་གཞིས་གསར་འཛུགས་སྐྲུན། གླེང་ཁ། ཉག་ཆུའི་ཡུལ་ལྗོངས། རོལ་དབྱངས་ཀྱི་ཐང་ཆེན། གསར་བརྗེའི་གླིང་ཁ། མཆོད་རྟེན་དཀར་པོའི་གླིང་ཁ། ཁྱད་ཆོས་ལྡན་པའི་བོད་རིགས་སྡོད་ཁང་སོགས་གསར་འཛུགས་བྱ་རྒྱུ་དེ་རེད། རྣམ་གྲངས་འདི་སྤྱི་པའི་མ་དངུལ་སྒོར་དུང་ཕྱུར3འཇོག་དགོས་པ་དང་འཛུགས་སྐྲུན་བྱེད་ཡུན་ལོ2ནས6བར་ཡིན། རྣམ་གྲངས་འདི་འཛུགས་སྐྲུན་བྱེད་པ་དེས་རྫོང་དེའི་གྲོང་ཁྱེར་གྱི་རྣམ་པ་ལེགས་བཅོས་དང་གྲོང་ཁྱེར་གྱི་རིམ་པ་མཐོར་འདེགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐྱེ་ཁམས་ཅན་དུ་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་བ།ཡུལ་སྐོར་དང་རིག་གནས་ཐོན་ལས་འཕེལ་རྒྱས། རིག་གནས་ཀྱི་དཀར་མཛེས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཐད་ལ་སྐུལ་འདེད་ནུས་པ་ཆེན་པོ་ཐོབ་ཡོད་པ་རེད།
     དཀར་མཛེས་རྫོང་ཨུའི་ཧྲུའུ་ཅི་དང་ཁྲེང་ཏུའུ་ཙི་ཧུའེ་དངུལ་འཇོག་ཚད་ཡོད་ཀུང་སི་ཡི་ཁྱབ་བདག་གཉེར་པའི་ལས་རོགས་ལིང་ཧོན་ཨན་གྱིས་དཀར་མཛེས་རྫོང་ཤུག་རི་གླིང་ཡུལ་སྲོལ་གོམས་འདྲིས་ཀྱི་སྐྱེད་ཚལ་རྣམ་གྲངས་འཇོག་པའི་མཛད་སྒོའི་གསུང་བཤད་གནང་བ་རེད།
  • ལེ་ཚན་སྔོན་མ།:སྲིད་བཟང་ཉི་འོད་དགུ་ཐོག་གསུམ་སྣོན་གྱི་སློབ་མ་རྣམས་ལ་འཕྲོས།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གིས་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་ལས་སྒོ་སྦྱོང་བརྡར་བྱས།
  • དོ་སྣང་ཆེ་བའི་རྩོམ།