སྲིད་བཟང་ཉི་འོད་དགུ་ཐོག་གསུམ་སྣོན་གྱི་སློབ་མ་རྣམས་ལ་འཕྲོས།

        2012-05-29

ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས2009ལོ་ནས་བོད་ཁུལ་དུ་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་གསོ་འཆར་གཞི་ལག་བསྟར་བྱེད་རིང་ཐོག་མར་ཞིང་ཆེན་ནང་གི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཙོ་གནད་སློབ་གྲྭ90དང་། རྣམ་གྲངས12། སྤྱོད་གོ་ཆོད་པའི་ཆེད་སྦྱོང་ལས་རིགས60བཅས་བདམས་ཏེ་བོད་ཁུལ་སློབ་མར་ཆེད་སྦྱོང་ལས་རིགས་སྦྱོང་རྒྱུ་བདམས་བཅུག་ཡོད། 2009ལོ་དང2010ལོ་གཉིས་ཀྱི་ནང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་གསོ་འཆར་གཞི་ལག་ལེན་བསྟར་བར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར4.4བཀོད་སྒྲིག་བྱས་ཡོད་ཅིང་། སློབ་མ་ཚང་མའི་ལོ་གསུམ་རིང་གི་སློབ་ཡོན་དང་འཚོ་བའི་གྲོན་དངུལ་ཐམས་ཅད་མི་དགོས་པར་མ་ཟད། རྒྱ་ཡུལ་དུ་སློབ་སྦྱོང་བྱེད་པའི་བོད་ཁུལ་སློབ་མ་ཚང་མར་ཡུལ་འདི་གའི་གྲོང་ཁྱེར་དང་གྲོང་རྡལ་ཡུལ་མིའི་རྩ་བའི་སྨན་བཅོས་འགན་ལེན་ཁྱབ་ཁོངས་སུ་འཇུག་ཡོད། མིག་སྔར། ཞིང་ཆེན་ཡོངས་ཀྱི་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་གསོ་སློབ་གྲྭས་བོད་ཁུལ་སློབ་མའི་གུང་གཞོན་ཚོགས་པའི་ཀྲི་པུའུ300ལྷག་བཙུགས་ཡོད་ཅིང་བོད་ཁུལ་སློབ་མ8658གུང་གཞོན་ཚོགས་པར་ཞུགས་ཏེ་སྤྱི་ཁོག་མི་གྲངས་ཀྱི་བརྒྱ་ཆ89ཟིན་པ། སློབ་གྲྭའི་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་འབྲི་མཁན་སློབ་མ3320ཡོད། དེའི་ནང་སློབ་རིམ2009ཀྱི་བོད་ཁུལ་བྱིས་པའི་ནང་ཏང་ཡོན51ཡོད།
     2009ལོ་ནས་ད་ལྟའི་ལོ་གསུམ་གྱི་རིང་། དགུ་ཐོག་གསུམ་སྣོན་གྱི་སློབ་གསོ་སློབ་གྲྭར་ཞུགས་པའི་བོད་ཁུལ་གྱི་བྱིས་པ་དེ་བས་མང་པོས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཐུགས་ཁུར་གནང་འོག་དང་། དགེ་རྒན་རྣམ་པས་དཀའ་སྤྱད་འབད་བརྩོན་གྱིས་སློབ་ཁྲིད་བྱས་འོག རང་ཉིད་ཀྱིས་སློབ་གྲྭར་སྤྱོད་གོ་ཆོད་པའི་ལག་རྩལ་འབད་བརྩོན་སྦྱོང་བཞིན་པ་དང་སྦྲགས། སྐྱེ་སྟོབས་ཆེན་པོས་འཚར་ལོངས་བྱུང་བཞིན་པ། ད་ལྟར།ལས་རིགས་སློབ་གྲྭའི་ཚོ་དང་པོའི་ཕུལ་བྱུང་གི་སློབ་ཐོན་སློབ་མས་བདེ་བླག་ངང་ལས་རྐང་ཐོག་ཞུགས་ཡོད་ལ། འབྱུང་འགྱུར་ལོ་རེ་རེར་སློབ་ཐོན་བྱུང་བའི་ལས་རིགས་སློབ་གྲྭའི་སློབ་མ་མང་པོས་ལས་རྐང་ཐོག་ཞུགས་ནས་རང་ཉིད་ཀྱི་མི་ཚེའི་འཕེལ་རིམ་གསར་པ་འབྱེད་ཐུབ་ངེས་རེད།
  • ལེ་ཚན་སྔོན་མ།:བྲག་འགོ་རྫོང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱས།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་ཤུག་རི་གླིང་ཡུལ་གོམས་སྐྱེད་ཚལ་རྣམ་གྲངས་ཀྱི་ཆིངས་ཡིག་ལ་ཁྲེང་ཏུའུ་ནས་མིང་རྟགས་བཀོད་པའི་མ
  • དོ་སྣང་ཆེ་བའི་རྩོམ།