བྲག་འགོ་རྫོང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱས།

དབྱངས་ཅན།        2012-05-29

ད་ལོ་ནས་བཟུང་། བྲག་འགོ་རྫོང་གིས་ལས་ཀའི་ནང་རྐྱེན་གསར་གཏོད་དང་། ཧུར་ཐག་གིས་མི་དམངས་ཀྱི་གནས་ཚུལ་ལ་འདྲི་རྟོགས། མི་དམངས་ཀྱི་སེམས་ཁྲལ་མེད་པ་བཟོ་བ། མི་དམངས་དང་སེམས་ཤུགས་གཅིག་སྒྲིམ་བཅས་ཀྱི་སྒོ་ནས་སྔར་ལས་ལྷག་པར་དམིགས་བསལ་ཅན་གྱི་དཀའ་ངལ་ཡོད་མཁན་ཚོགས་པའི་ཆེས་དངོས་ཡོད་དང་ཆེས་ཛ་དྲག ཆེས་ཐད་ཀ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས། གཅིག་ཀྱང་མ་ལུས་པ་བྱས་ནས་རོགས་སྐྱོར་མཐར་ཕྱིན་བྱེད་རྒྱུ་བརྩོན་ལེན་བྱས་པ།
     རྫོང་དེས་རྒྱུན་ལྡན་རང་བཞིན་དང་བརྒྱུད་བསྒྲགས་ཅན་གྱི་སྒོ་ནས་འཕྲོད་བསྟེན་དང་རིག་གནས། ཚན་རྩལ། ཆ་འཕྲིན། བཅའ་ཁྲིམས་སོགས་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ་སྤེལ་བར་མ་ཟད། དབུལ་ཕོངས་ལ་རོགས་སྐྱོར་དང་ཞིང་པར་རོགས་སྐྱོར། བརྟན་བརླིང་སྲུང་སྐྱོང་། རྨང་གཞི་སྲ་བརྟན་བཅས་ཀྱི་ནང་དོན་བཞི་པོར་དམ་པོ་དམིགས་པ་དང་། དམངས་འཚོ་ལེགས་བཅོས་དང་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོ གས་སུ་སྤོ་བ། སྤྱི་ཚོགས་བརྟན་བརླིང་། གཞི་རིམ་གྱི་རྩ་འཛུགས་སྲ་བརྟན་འགྱུར་བཅས་ཀྱི་དམིགས་ཡུལ་ལ་དམིགས་ནས། སྔར་ལྷག་གིས་འགན་འཁྲི་གསལ་པོ་དང་། བྱེད་ཐབས་སྣོན་པ། འགན་ལེན་ཤུགས་སྣོན་བཅས་བྱས་པ་རེད། རྫོང་ཡོངས་ཀྱི་འབྲེལ་ཡོད་འགན་ནུས་སྡེ་ཁག་དང་སྡེ་ཚན་གྱིས་རྫོང་ཡོངས་ཀྱི་དར་ཕྲུག་དང་དབང་པོ་སྐྱོན་ཅན། དཀའ་ངལ་ཡོད་པའི་བུད་མེད། གྲོང་ཁྱེར་དང་གྲོང་རྡལ་གྱི་གསུམ་མེད་མི་སྣ། ཞིང་སྡེའི་འགན་ལེན་ལྔའི་དུད་ཚང། ས་གནས་ཀྱི་རིམས་ནད་ན་མཁན། ལས་མེད་ཀྱི་གཞོན་ནུ་ལོ་ཆུང་།སྤྱོད་ངན་ཡོད་པའི་གཞོན་ནུ་ལོ་ཆུང་། ཁྲིམས་ཆད་ཁུར་མཁན་གྱི་ངལ་རྩོལ་སློབ་གཅུན་མི་སྣ། ཉལ་ཐ་གཅོད་མཁན་གྱི་ལོ་ན་མ་སོན་པའི་ཕྲུ་གུ ། འཁྱམ་པོ་དང་སློང་མོ་བ་སོགས་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཚོགས་པ་ལ་དམིགས་བསལ་གྱི་གཅེས་སེམས་དང་རོགས་སྐྱོར་བྱས་པ་རེད། མི་ནུས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་སོགས་འབྲེལ་ཡོད་སྡེ་ཁག་གིས་ཁྱོན་ཡོངས་ནས་རིགས་སྣ་ཚོགས་ཀྱི་ལས་ཤོར་དང་ལས་མེད་མི་སྣ་ཐོ་འགོད་བྱས་པ་དང་། ཁག་བགོས་ནས་གནས་ཚུལ་དངོས་ཁོང་དུ་ཆུད་ནས། ལས་ཞུགས་དང་རོགས་སྐྱོར་སྐུལ་འདེད་ཀྱི་འཆར་གཏན་འབེབས་བྱས་པ་དང་། རིན་པ་མི་དགོས་པའི་ནུས་རྩལ་དང་རིག་གནས་ཤེས་བྱ། རྒྱལ་གཅེས་སྒྲིག་ཁྲིམས་བརྩི་སྲུང་བཅས་ཤེས་བྱ་གསོ་སྐྱོང་སྦྱོང་བརྡར་གྱི་ལས་ཀ་སྤེལ་བ།སྤྱི་པའི་ལས་ཞུགས་ཞབས་ཞུ་བྱས་ནས་ལས་ཞུགས་བྱ་རྒྱུར་རོགས་རམ་བྱེད་གང་ཐུབ་བྱས།
  • ལེ་ཚན་སྔོན་མ།:འདབ་པའི་ཉི་སྟེན་གྱི་གལ་ཆེ་བའི་རྣམ་གྲངས་ཇུས་འགོད་དཔྱད་ཞིབ་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།
  • ལེ་ཚན་རྗེས་མ།:སྲིད་བཟང་ཉི་འོད་དགུ་ཐོག་གསུམ་སྣོན་གྱི་སློབ་མ་རྣམས་ལ་འཕྲོས།
  • དོ་སྣང་ཆེ་བའི་རྩོམ།