འདབ་པའི་ཉི་སྟེན་་གྱི་གལ་ཆེ་བའི་རྣམ་གྲངས་ཇུས་འགོད་དཔྱད་ཞིབ་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།

སྒྲོལ་མ་ཚེ་མཚོ།        2012-05-29

ཟླ་བ5པའི་ཚེས10ཉིན་སི་ཁྲོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་དང་།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་གཉེར་བྱས་པའི་འབྲི་ཆུ་འབབ་རྒྱུད་ཀྱི་ཤམ་བྷ་ལ་རྒྱལ་སྤྱིའི་ཁྱད་རྟགས་གྲགས་ཅན་གྱི་ལྗོངས་རྒྱུ་མཛེས་ཁུལ་འདབ་པའི་ཉི་སྟེན་དོན་སྤྱིའི་རང་བཞིན་གྱི་སྤྱིའི་འཆར་འགོད་དང་གལ་ཆེའི་རྣམ་གྲངས་མདོར་བསྡུས་རང་བཞིན་གྱི་ཇུས་འགོད་དཔྱད་ཞིབ་ཚོགས་འདུ་དེ་ཁྲེང་ཏུའུ་ཡི་དུས་རབས་གསར་པའི་རྒྱལ་སྤྱིའི་ཚོགས་འདུ་ལྟེ་གནས་སུ་འཚོགས་པ་རེད།
     ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།ཞིང་ཆེན་ཞིང་ལས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁྲང་ཕིང་དང་ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་ལིའུ་ཅེ་དང་ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་བཅས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་དང་།རྒྱལ་ཁབ་ལྗོངས་རྒྱུ་ཅུས་ཀྱི་འགོ་ཁྲིད་ཚོགས་ཐོག་ཕེབས་ནས་ཁྲིད་སྟོན་བྱས།ཞིང་ཆེན་ཏང་ཨུའི་ཞིང་ལས་ལས་དོན་ཨུ་ལྷན།ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་སོགས་ཀྱི་འགོ་ཁྲིད་ཚོགས་ཐོག་ཕེབས་ནས་གསུང་བཤད་གནང་བ་རེད།
     དཔྱད་ཞིབ་ཚོགས་འདུ་དེ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བས་གཙོ་འགན་བཞེས་པ་རེད།ཚོགས་འདུ་དེ་རྒྱལ་ཁབ་དང་སི་ཁྲོན་ཞིང་ཆེན་གྱི་སྐད་གྲགས་ལྡན་པའི་ཆེད་ལས་མཁས་ཅན་དང་འབྲེལ་ཡོད་འགོ་ཁྲིད་ལས་གྲུབ་པའི་འཆར་འགོད་དཔྱད་ཞིབ་ཨུ་ལྷན་བཙུགས་ཤིང་ཀྲུང་གོ་བཟོ་བཀོད་རིག་གནས་ལྟེ་གནས་སྒྱུ་རྩལ་ལྗོངས་རྒྱུ་མཛེས་ལྗོངས་ལྟ་སྐོར་ཞིབ་འཇུག་ཁང་གི་ཡོནའ་ཀྲང་།མཐོ་རིམ་འཆར་འགོད་ཧྲིའི་ཕེན་ཡ་ཡན་གྱིས་ཆེད་ལས་མཁས་ཅན་གྱི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱས་པ་རེད།དཔྱད་ཞིབ་ཞིབ་བཤེར་ཨུ་ལྷན་གྱིས་འབྲི་ཆུ་འབབ་རྒྱུད་ཀྱི་མ་བྷ་ལ་རྒྱལ་སྤྱིའི་ཁྱད་རྟགས་སྤུས་དག་ལྗོངས་རྒྱུ་མཛེས་ལྗོངས་ས་ཁུལ།འདབ་པའི་ཉི་རྟེན་མདོར་བསྡུས་རང་བཞིན་གྱི་འཆར་འགོད་དང་གལ་འགངས་ཆེ་བའི་རྣམ་གྲངས་ཇུས་འགོད་བྱ་རྒྱུར་དཔྱད་ཞིབ་བྱས་པ་རེད།
     ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚད་མཐོན་པོས་མཐོང་ཆེན་བྱས་ནས་རང་འགུལ་གྱིས་བྱ་སྤྱོད་མྱུར་དུ་སྤེལ་ནས་ཉི་རྟེན་མཛེས་ལྗོངས་ས་ཁུལ་གྱི་གསར་སྦོལ་འཆར་འགོད་སྡེབ་སྒྲིག་འགོ་ཁྲིད་ཚོ་ཆུང་བཙུགས་ནས་ལས་ཀ་ལག་བསྟར་འཆར་གཞི་བཟོ་འགོད་བྱས་ཤིང་།པེ་ཅིན་ཧུའེ་ཧྲི་ཏེ་བློ་འདྲི་ལྟེ་གནས་ལ་འགོ་འཛུགས་ཚད་མཐོ་བ་དང་ཆུ་ཚད་མཐོ་བ།གདོད་མའི་སྐྱེ་ཁམས་མཛེས་ལྗོངས་བཅས་ཀྱི་ཚད་གཞི་ལ་བརྟེན་ནས་རྒྱལ་སྤྱིའི་མཐོ་སྒང་གི་སྐྱེ་ཁམས་རིག་གནས་མཛེས་ལྗོངས་ཉམས་ཞིབ་ལྗོངས་རྒྱུ་དམིགས་ཡུལ་གྱི་གནས་སུ་ལྟར།མཛེས་ལྗོངས་ཨང་དང་པོ་དང་སྒྲིག་ཆས་ཨང་དང་པོ།ཞབས་ཕྱི་ཨང་དང་པོ་དོ་དམ་ཨང་དང་པོ་བཅས་ཀྱི་རིམ་པ་5ཡི་རྒྱལ་སྤྱིའི་ཁྱད་རྟགས་ལྗོངས་རྒྱུ་ས་ཁུལ་ཞིག་བསྐྲུན་རྒྱུ་བྱས་པ་རེད།
  • ལེ་ཚན་སྔོན་མ།:ཁམས་ཁུལ་གྱི་གསར་འགྱུར་གནད་བསྡུས།
  • ལེ་ཚན་རྗེས་མ།:བྲག་འགོ་རྫོང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱས།
  • དོ་སྣང་ཆེ་བའི་རྩོམ།