ཉག་ཆུ་རྫོང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ལ་བརྟག་དཔྱད་བྱས།

ངེད་དྲ་བའི་གསར་འགོད་པ་བཀྲ་ཤིས་ཀྱིས།        2010-12-15

ཉེ་ལམ་དུ་ཉག་ཆུ་རྫོང་གིས་ལས་ཁུངས་དང་ཤང་ཁག་སོ་སོ་ནས་མི་སྣ་གདམས་ཏེ་ཤང་དང་གྲོང་གསེབ་དུ་བསྐྱོད་དེ་ས་དེ་གའི་ཁྱིམ་ཚང་དབུལ་པོ་རྣམས་ཀྱི་གནས་ཚུལ་ལ་བརྟག་དཔྱད་ཞིབ་བཤེར་བྱེད་པ་རེད།དབུལ་པོ་རྣམས་ཀྱི་ལྟོ་གོས་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་སྐྱོབ་རོགས་བྱ་ཡུལ་གཏན་འཁེལ་བྱས་ཤིང་བཪྙན་འཕྲིན་ཐོག་ནས་སྐྱོབ་རོགས་ཀྱི་ཚད་གཞི་དང་གྲངས་ཀ་བཅས་ཡོངས་བསྒྲགས་བྱས།    བསྡོམས་བརྩིས་བྱས་པ་ལྟར་ན།རྫོང་འདིར་ད་ལོར་གནོད་སྐྱོན་ཐེབས་པའི་མི་གྲངས༡༡༨༧༣ཡོད།དེ་ལས་འཚོ་བའི་ཐད་ལ་དཀའ་ཁག་ཡོད་པས་རོགས་སྐྱོབ་བྱེད་དགོས་པའི་མི་གྲངས༩༥༥༠ཡོད་པ་རེད།
  • ལེ་ཚན་སྔོན་མ།:རྟའུ་ཡི་མེ་སྐྱོན་ནང་གཤེགས་པའི་དཔའ་བོ་རྣམས་ལ་མྱ་ངན་ཞུ་བའི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:མི་རིགས་ཀྱི་སློབ་གསོ་དམིགས་སུ་བཀར་ནས་སྔོན་དུ་སྤེལ་བའི་གོ་གནས་སུ་བཞག
  • དོ་སྣང་ཆེ་བའི་རྩོམ།