རྟའུ་ཡི་མེ་སྐྱོན་ནང་གཤེགས་པའི་དཔའ་བོ་རྣམས་ལ་མྱ་ངན་ཞུ་བའི་ཚོགས་འདུ་འཚོགས།

བཀྲ་ཤིས།        2010-12-09

   རྟའུ་ཡི་མེ་སྐྱོན་ནང་གཤེགས་པའི་དཔའ་བོ་རྣམས་ལ་མྱ་ངན་ཞུ་བའི་ཚོགས་འདུ་འཚོགས།

རྟའུ་ཡི་མེ་སྐྱོན་ནང་གཤེགས་པའི་དཔའ་བོ་རྣམས་ལ་མྱ་ངན་ཞུ་བའི་ཚོགས་འདུ་འཚོགས།རྟའུ་ཡི་མེ་སྐྱོན་ནང་གཤེགས་པའི་དཔའ་བོ་རྣམས་ལ་མྱ་ངན་ཞུ་བའི་ཚོགས་འདུ་འཚོགས།རྟའུ་ཡི་མེ་སྐྱོན་ནང་གཤེགས་པའི་དཔའ་བོ་རྣམས་ལ་མྱ་ངན་ཞུ་བའི་ཚོགས་འདུ་འཚོགས།




ཟླ་བ༡༢པའི་ཚེས༩ཉིན་གྱི་སྔ་དྲོར་རྟའུ་ཡི་མེ་སྐྱོན་ནང་གཤེགས་པའི་དཔའ་བོ་རྣམས་ལ་མྱ་ངན་ཞུ་བའི་ཚོགས་འདུ་དར་མདོར་འཚོགས། ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིང་ཐའོ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིང་ཕིང་གིས་དཔའ་བོ་རྣམས་ལ་མེ་ཏོག་གི་ཕྲེང་བ་ཕུལ། སྤྱི་ཁྱབ་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་གཞོན་པ་ལིའུ་ཀྲེན་ཆིས་བཅིངས་འགྲོལ་དམག་ཆབ་སྲིད་པུའུ་དང་ཇུས་འདོན་པུའུ་བཅས་ཀྱིས་དཔའ་བོའི་ཁྱིམ་མི་རྣམས་ལ་བསྐུར་པའི་མྱ་ངན་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས། སི་ཁྲོན་ཞིང་ཆེན་ཧྲུའུ་ཅི་གཞོན་པ་ལིའུ་ཁྲོང་ཞི་ཡིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་མྱ་ངན་ཞུ་ཡིག་སྒྲོག་འདོན་བྱས། ཁྲི་འདུའི་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཐེན་ཤུའུ་སི་ཡིས་མྱ་ངན་ཞུ་ཚིག་ཕུལ་བ་རེད། སི་ཁྲོན་ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་ལིའུ་ཆི་པའོ་དང་ཁྲི་འདུའི་དམག་ཁུལ་སི་ལིང་ཡོན་ལིའུ་ཧྲི་མིས་ཞིང་དཔོན་ཅང་ཅུས་ཧྥེང་། སི་ཁྲོན་ཞིང་ཆེན་གྱི་དམག་ཁུལ་སི་ལིང་ཡོན་ཞ་གོ་ཧྥུ་བཅས་ཀྱིས་དཔའ་བོ་རྣམས་ལ་མེ་ཏོག་གི་ཕྲེང་བ་ཕུལ། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཡེ་ཝང་ཡུང་གིས་མྱ་ངན་ཚོགས་འདུའི་གཙོ་འགན་བཞེས། དམག་དཔུང་དང་དམག་དཔོན། དམངས་ཚོགས་བཅས་མི༧༠༠ཙམ་མྱ་ངན་ཚོགས་འདུ་ལ་ཞུགས།

  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་བརྡ་ཐང་མ་ཆུས་ཁ་ལུང་ཐང་གི་འབྲོག་པའི་དུད་ཚང54སྡོད་ཁང་གསར་པའི་ནང་སྤོས་པ།
  • ལེ་ཚན་རྗེས་མ།:ཉག་ཆུ་རྫོང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ལ་བརྟག་དཔྱད་བྱས།
  • དོ་སྣང་ཆེ་བའི་རྩོམ།