དཀར་མཛེས་རྫོང་བརྡ་ཐང་མ་ཆུས་ཀྱི་ཁ་ལུང་ཤང་ནས་རྫོང་དེའི་བར་སྤྱི་ལེ་115ཡོད་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨི3980ཡོད་པ་རེད།ཟླ་བ11པའི་ཚེས28ཉིན་དཀར་མཛེས་རྫོང་གི་རྫོང་དཔོན་གཞོན་པ་རིན་ཆེན་ཕུན་ཚོགས་ཀྱིས་རྫོང་དེའི་འབྲོག་པའི་གཞིས་ཆགས་གཞུང་ལས་ཁང་གི་འབྲེལ་ཡོད་མི་སྣ་སྣེ་ཁྲིད་བྱས་ནས་བརྡ་ཐང་མ་ཆུས་ཁ་ལུང་ཤང་གི་འབྲོག་པའི་དུད་ཚང་54གཞིགས་ཆགས་སྡོད་ཁང་གསར་པར་སྤོ་བའི་མཛད་སྒོ་སྤེལ་བ་རེད།མཛད་སྒོའི་ཐོག་རྫོང་དཔོན་གཞོན་པ་རིན་ཆེན་ཕུན་ཚོགས་ཀྱིས་ཆུས་ཤང་གི་འགོ་ཁྲིད་ལས་བྱེད་པ་དང་བཅས་པས་རྒྱལ་ཁབ་ཀྱི་འབྲོག་པའི་གཞིས་ཆགས་ཨར་ལས་ལག་བསྟར་བྱེད་པའི་གལ་ཆེའི་དོན་སྙིང་ལག་བསྟར་བྱས་རྗེས་་ཞིང་འབྲོག་མང་ཚོགས་ལ་ཕན་པ་ཆེན་པོ་ཐོབ་ཡོད་པའི་གནས་ཚུལ་བཤད་པ་རེད།གོ་ཐོས་བྱུང་བར་ལྟར།ཁ་ལུང་ཐང་གི་འབྲོག་པའི་གཞིས་ཆགས་ཨར་ལས་འཛུགས་སྐྲུན་བྱ་ཡུལ་གྱི་ས་ཞིང་མུའུ་96.5བཟུང་ཡོད་པ་དང་གཞིས་ཆགས་སྡོད་ཁང54བསྐྲུན་ཡོད་པ་དང་།གཞིས་ཆགས་བྱ་ཡུལ་དུ་ད་དུང་འབྲོག་པའི་བྱེད་སྒོ་སྤེལ་ཁང་དང་།དུད་འབྲེལ་འགྲོ་ལམ།འཐུང་ཆུའི་ཨར་ལས་བཅས་དུས་མཉམ་དུ་ལེགས་འགྲུབ་བྱུང་ནས་གཞིས་ཆགས་འབྲོག་དམངས་ཀྱི་ཐོན་སྐྱིད་དང་འཚོ་བར་སྟབས་བདེ་སྤྲད་པ་རེད།གཞིས་ཆགས་འབྲོག་མི་འོས་མོས༠༠༠༠སེམས་འགུལ་ཐེབས་པའི་ངང་ང་ཚོ་མི་ཚེ་མི་རབས་རྩྭ་ཆུ་དེད་ནས་རུ་སྤོ་ཕྱུགས་འཚོའི་འཚོ་བ་རོལ་ནས་དཀའ་སྡུག་ཆེན་པོ་མྱོང་དགོས་རེད།ད་ལྟར་ཏང་གི་ཐུགས་དང་རྒྱབ་སྐྱོར་འོག་འབྲོག་པའི་གཞིས་ཆགས་བྱ་སྤྱོད་འཆར་གཞིའི་ལས་ཀ་འདི་འདྲ་ཡག་པོ་ལག་ལེན་བསྟར་ནས།ང་ཚོས་རྨི་ལམ་ནང་ལའང་འདི་འདྲི་དྲོ་སྐྱིད་པའི་ཁང་པ་ནང་སྡོད་ཐུབ་རྒྱུ་གཏན་ནས་དྲན་མ་མྱོང་།འདི་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པའོ་དཀའ་དྲིན་རེད་ཅེས་བཤད།