སྲོག་གི་དབང་པོ་ཞུགས་འདྲའི་མཚོན་རིས༼LOGO༽འདིའི་བསྟན་དོན་ཤེས་སམ།

        2016-08-01

སྲོག་གི་དབང་པོ་ཞུགས་འདྲའི་མཚོན་རིས༼LOGO༽འདིའི་བསྟན་དོན་ཤེས་སམ།

མཚོན་རིས་འདི་ནི་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་མཚོན་རིས་ཡིན་ཞིང་། ཁམས་པའི་ཕོ་རྒོད་ཅིག་གིས་རྩྭ་ཐང་དུ་ཞབས་བྲོ་འཁྲབ་བཞིན་པའི་ཚུལ་རེད། ཕྱིའི་བཟོ་དབྱིབས་གསོན་ཉམས་དོད་ཅིང་ནང་གི་མཚོན་དོན་བདེ་བླག་ངང་རྟོགས་ཐུབ་པའི་སྲོག་གི་དབང་པོ་ཞུགས་པའི་མཚོན་རིས་ཤིག་རེད།
    བཟོ་འགོད་པ་ནི་དཀར་མཛེས་ཁུལ་རིག་གནས་ཁང་གི་སྐུ་ཞབས་ཏེང་ཧོང་པའོ་ཡིན།  མཚོན་རིས་འདི་ནི་བོད་རྒྱ་དབྱིན་གསུམ་ལས་གྲུབ་པ་ཡིན་ཞིང་། མཚོན་རིས་ཀྱི་སྤྱི་ཁོག་གི་ཆ་ནས་བཤད་ན་གོང་གི་ཆ་ནི་བོད་ཡིག་ཁམས་ཞེས་པའི་མཛེས་རྩལ་ཡི་གེ་ལས་གྲུབ་ཅིང་ཁམས་ཀྱི་ས་ཁུལ་མཚོན་པ་དང་། འོག་གི་ཆ་ནི་བོད་ཡིག་གི་གྲངས་ཀ༩ཡིན་ཞིང་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ཡིན་པ་མཚོན།  མཚོན་རིས་ཞབས་སུ་ཡོད་པའི་རི་བོ་དྲུག་དང་རྩྭ་ཐང་གིས་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་དུ་ཞུགས་པའི་ས་ཁུལ་དང་ཁུལ་དྲུག་མཚོན་ཞིང་རི་ཆུ་འབྲེལ་ཞིང་མཛའ་བརྩེ་ཟབ་མོ་ཡོད་པར་བསྟན།
  • ལེ་ཚན་སྔོན་མ།:སྐབས་གསུམ་པའི༼གངས་དཀར་རི་བོའི༽བོད་ཡིག་རྩོམ་པ་པོའི་སྨྱུག་ཚོགས་འགོ་བརྩམས།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་གིས་བྱེད་སྒོ་སྣ་མང་སྤེལ་ནས་དཔྱིད་གསར་དུས་ཆེན་བསུས།
  • དོ་སྣང་ཆེ་བའི་རྩོམ།