སྐལ་ཐུབ་ཀྱིས་བྲིས་ཤིང་པར་བླངས། 2017-02-10
2017ལོའི་དཔྱིད་གསར་དུས་ཆེན་གྱི་སྐབས་སུ། འབའ་ཐང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་ལུས་རྩལ་ཅུས། རྫོང་སྤྱི་བདེ་ཅུས། བྱ་ཁྱུང་གྲོང་རྡལ། ལྷག་བ་ཤང་། རྡོ་གཞུང་ཤང་བཅས་ཀྱིས་སྒྲུབ་འགན་ཁུར་ནས་འབའ་ཐང་རྫོང་སྐབས་གཉིས་པའི་གཞས་དང་སྐོར་བྲོ་གཙོས་པའི་གཟུགས་མེད་རིག་གནས་འཁྲབ་སྟོན་དང་སྐབས་དགུ་པའི་སྐྱེས་པའི་ལག་གྲུག་འགྲན་བསྡུར། 2017ལོའི་དཔྱིད་གསར་དུས་ཆེན་གྱི་དཔེ་དེབ་གོང་ཁེ་འགྲེམ་འཚོང་བཅས་ཀྱི་བྱེད་སྒོ་སྤེལ་བ་རེད། ལྒང་ཞུའི་དུས་ཆེན་ལ་ད་དུང་དམག་དམངས་མཉམ་འབྲེལ་གྱི་གླུ་གར་འདུ་ཚོགས་བསྡུ་རྒྱུ་རེད།
དཔྱིད་གསར་དུས་ཆེན་ལ་རིག་རྩལ་བྱེད་སྒོ་སྣ་མང་སྤེལ་བར་བརྒྱུད་རྫོང་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་ལོ་སར་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད་བོད་ཀྱི་སྲོལ་རྒྱུན་རིག་གནས་བརྒྱུད་འཛིན་དར་སྤེལ་ཡང་བཏང་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10