ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་ཀ་དང་དགོན་པའི་དོ་དམ་ལས་ཀའི་གྲོས་ཚོགས་འཚོགས།

སྐལ་བཟང་ཐུབ་བསྟན།        2015-09-01

ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་ཀ་དང་དགོན་པའི་དོ་དམ་ལས་ཀའི་གྲོས་ཚོགས་འཚོགས།

ཟླ་བ8པའི་ཚེས30ཉིན།ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་ཀ་དང་དགོན་པའི་དོ་དམ་ལས་ཀའི་གྲོས་ཚོགས་དེ་དར་མདོར་འཚོགས་པ་རེད།གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་བརྒྱུད་བསྒྲགས་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་དགོན་པ་དོ་དམ་གྱི་ཆེད་དོན་གྲོས་ཚོགས་ཀྱི་སྙིང་དོན་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུ་དང་།མིག་སྔ་དང་ཕྱིན་ཆད་ཀྱི་དུས་རིམ་ཞིག་གི་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་ཀ་དང་དགོན་པའི་དོ་དམ་ལས་ཀར་བཀོད་སྒྲིག་བྱས་ཏེ་དབུལ་སྐྱོར་འགག་སྒྲོལ་ཡོང་བར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ།
ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་བ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཡེ་ཤེས་ཟླ་བས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་རེད།ཚོགས་ཐོག་ཡེ་ཤེས་ཟླ་བས་ཀྲུང་དབྱང་གི་བོད་ཀྱི་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་བརྒྱུད་བསྒྲགས་གནང་བ་དང་།ཁུལ་འགོ་ཁྲིད་ཝང་དབྱང་དང་བྱང་ཆུབ།ཁྲེན་ཙུང་དབྱི།བྱམས་བློ།ཏོན་ནེ་ཁེ།ཧྲུའུ་ཝུན་བཅས་ཀྱིས་དགོན་པའི་དོ་དམ་གྱི་འབྲེལ་ཡོད་ལས་ཀར་བཀོད་སྒྲིག་གནང་ཞིང་།ཚན་པ་གཉིས་པའི་མིང་བཏགས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དཔེ་སྟོན་ལས་ཁུངས་ཀྱི་འཐུས་མིར་མཚན་བྱང་སྦྱིན་པ་རེད།
  ལིའུ་ཁྲེང་མིང་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་རྒྱ་སྐྱེད་གཏང་རྒྱུ་ནི་རང་ཁུལ་འཐབ་ཕྱོགས་ལས་ཀའི་གལ་ཆེན་ནང་གི་འགངས་ཆེན་ཡིན་ཞིང་།རང་ཁུལ་གྱི་བཅོས་བསྒྱུར་དང་འཕེལ་རྒྱས་བརྟན་བརླིང་བཅས་ཀྱི་ལས་ཀར་ནུས་པ་གལ་ཆེན་ཡོད་པ་རེད་ཅེས་ནན་གསུང་གནང་བ་རེད།
  ལིའུ་ཁྲེང་མིང་གིས་བླང་བྱ་བཏོན་དོན།ཁྱོན་ཡོངས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་ཁོང་དུ་ཆུད་པར་བྱས་ཏེ་གནས་བབ་གསར་པའི་འོག་གི་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་ལས་ཀ་ཡག་པོར་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཡང་དག་པ་བྱ་དགོས།མཉམ་འཛིན་སྤྱི་སྒྲུབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དགོན་པའི་དོ་དམ་ལས་ཀ་དམ་འཛིན་དངོས་འཛིན་དང་དངོས་ཕན་འཐོབ་པར་བྱ་དགོས།
མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོའི་བརྗོད་བྱ་གཙོ་བོ་རྒྱུན་འཁྱོངས་བྱས་ཏེ་རྒྱུན་ཆད་མེད་པར་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་རྒྱ་སྐྱེད་གཏང་དགོས།སྒྲིག་འཛུགས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་ཀྱི་ལས་ཀ་ཁག་དོན་ཐོག་འཁྱོལ་བར་བྱ་དགོས།
  ཡེ་ཤེས་ཟླ་བས་རིམ་ཁག་དང་སྡེ་ཁག་གིས་ཁ་ཕྱོགས་གསལ་པོར་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་ལས་ཀ་དེ་སྤྱི་ཡོངས་ཀྱི་ཁྲོད་དུ་བཞག་ནས་མནོ་བསམ་དང་ཇུས་འགོད་བྱས་ཤིང་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།ཁུལ་ཨུའི་སྲིད་གཅོད་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱ་དགོས།ལས་འགན་གསལ་པོར་བཟོས་ཤིང་གནད་དོན་ལ་དབྱེ་ཞིབ་དཔྱིས་ཕྱིན་པ་བྱས་ཏེ་དགོན་པ་རིགས་བགོས་ནས་དོ་དམ་བྱེད་པའི་སྤུས་ཚད་ཇེ་མཐོར་གཏོང་བར་ཤུགས་བརྒྱག་དགོས།ཕོག་ཐུག་གཏོང་ཕོད་པ་དང་གླེང་མང་བའི་གནད་དོན་དང་དཀའ་གནད་ཐད་འགན་ཁུར་ཕོད་པ་དང་བློ་རིག་སྤྱོད་ཐུབ་པ་བྱས་ནས་ལས་ཀར་དངོས་ཕན་འཐོར་པར་ཁག་ཐེག་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་ཚོགས་འདུ་བསྡུས།
  • ལེ་ཚན་རྗེས་མ།:སྐབས་གསུམ་པའི༼གངས་དཀར་རི་བོའི༽བོད་ཡིག་རྩོམ་པ་པོའི་སྨྱུག་ཚོགས་འགོ་བརྩམས།
  • དོ་སྣང་ཆེ་བའི་རྩོམ།