དར་མདོ་རྫོང་གིས་སྐབས་དྲུག་པའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་གསོ་སྦྱོང་བྱས།

ཐུབ་མིག་ཀུན་དགའ།        2010-11-29

ཟླ་བ11པའི་ཚེས18ཉིན།དར་མདོ་རྫོང་གིས་སྐབས་དྲུག་པའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་གསོ་སྦྱོང་ཚོགས་འདུའི་འགོ་ཚུགས་མཛད་སྒོ་དེ་གེ་སར་མགྲོན་ཁང་དུ་གཉེར་བ་རེད།   ཐེངས་འདིའི་གསོ་སྦྱོང་ཚོགས་འདུའི་ནང་དར་མདོ་རྫོང་གི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ32ཀྱི་བླ་མ་དང་སྤྲུལ་སྐུ།   མཁན་པོ།   ཆོས་ལུགས་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྒན་གཞོན་བཅས་བསྡོམས་པས་མི50ལྷག་ཙམ་ཞུགས་ཡོད་པ་རེད།གསོ་སྦྱོང་གི་དུས་ཡུན་ནི་གཟའ་འཁོར་གཅིག་ཡིན་ཞིང་།  གསོ་སྦྱོང་གི་ནང་དོན་གཙོ་བོ་ནི་དགོན་པའི་ཚད་ལྡན་གྱི་དོ་དམ་ལས་ཀ་ལ་དོ་སྣང་བྱེད་སྟངས་དང་།  བཅའ་ཁྲིམས་ལ་བརྩི་སྲུང་བྱེད་མཁན་གྱི་གྲྭ་བཙུན་བྱས་ནས་འཆམ་མཐུན་གྱི་དགོན་པ་བསྐྲུན་རྒྱུའི་ལས་ཀ་སྒྲུབ་སྟངས།   བོད་བརྒྱུད་ནང་བསྟན་ཆོས་ལུགས་དོ་དམ་སྐོར་གྱི“1+6”ལམ་ལུགས།   བོད་ཁུལ་ལས་ཀའི་ཚོགས་འདུའི་སྙིང་དོན་བཅས་ཡིན་པ་རེད།   དེ་མིན་གསོ་སྦྱོང་མི་སྣ་རྣམས་ལ་རིན་པ་མི་དགོས་པའི་ལུས་ཕུང་ཞིབ་བཤེར་བྱ་རྒྱུ་དང་།  རྒྱལ་གཅེས་རིང་ལུགས་ཀྱི་གློག་བཪྙན་བལྟ་རུ་འཇུག་རྒྱུ།  དར་མདོ་རྫོང་གི་གལ་ཆེའི་འཛུགས་སྐྲུན་རྣམ་གྲངས་ལ་ལྟ་སྐོར་བྱ་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།:ཁུལ་སྟོན་དུས་ཆེན་གྱི་སྐབས་སུ་རང་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་འགྲེམས་སྟོན་བྱས་པར་གྲུབ་འབྲས་ཡག་པོ་ཐ
  • ལེ་ཚན་རྗེས་མ།:དར་མདོ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་ཀྱིས་དགའ་ལྡན་ལྔ་མཆོད་ལ་མཆོད་འབུལ་བྱེད།
  • དོ་སྣང་ཆེ་བའི་རྩོམ།