སེར་ཤུལ་རྫོང་དྲན་ཁོག་ཤང་གི་གནོད་ཐེབས་ས་ཁུལ་གྱི་ཞིང་པའི་སྡོད་ཁང་བསྐྱར་འཛུགས་བྱ་རྒྱུའི་ཨར་ལས་ལེགས་འགྲུབ་བྱུང་བ།

(གངས་སྐྱིད་ཀྱིས་བསྒྱུར།)        2010-11-16

སེར་ཤུལ་རྫོང་དྲན་ཁོག་ཤང་གི་གནོད་ཐེབས་ས་ཁུལ་གྱི་ཞིང་པའི་སྡོད་ཁང་བསྐྱར་འཛུགས་བྱ་རྒྱུའི་ཨར་ལས་ལེགས་འགྲུ
 

ཟླ་བ11པའི་ཚེས7ཉིན།སེར་ཤུལ་རྫོང་དྲན་ཁོག་ཤང་གི་གནོད་ཐེབས་ས་ཁུལ་གྱི་ཞིང་པའི་སྡོད་ཁང་བསྐྱར་སྐྲུན་བྱ་རྒྱུའི་ཨར་ལས་ལེགས་འགྲུབ་བྱུང་བ།  ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་པི་ཧྲི་ཞང་གིས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཏའོ་ཕིང་དང་ཁུལ་དཔོན་ལི་ཁྲང་ཕིང་གི་མངགས་བཅོལ་ལྟར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་དྲན་ཁོག་ཤང་གི་ཁྱིམ་གཞིས་བསྐྱར་འཛུགས་ཨར་ལས་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དང་གནོད་ཐེབས་མང་ཚོགས་བདེ་བླག་ངང་སྡོད་ཁང་གསར་པའི་ནང་སྤོས་ཐུབ་པར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་སྟོན་རྟེན་འབྲེལ་ཞུས་པ། 
   པི་ཧྲི་ཞང་གིས་བསྟན་དོན།   འོ་རྡོ་མ་ཤང་དང་རྩེ་མདའ་ཤང་སོགས་གནོད་ཐེབས་ས་ཁུལ་གྱི་ཡུལ་མི་སྡོད་ཁང་བསྐྱར་འཛུགས་བྱ་རྒྱུའི་ཨར་ལས་ལེགས་འགྲུབ་བྱུང་རྗེས་དྲན་ཁོག་ཤང་གི་གནོད་ཐེབས་ཡུལ་མིའི་སྡོད་ཁང་བསྐྱར་འཛུགས་བྱ་རྒྱུའི་ཨར་ལས་ཀྱང་ལེགས་འགྲུབ་བྱས་སྟབས།  ་གནོད་ཐེབས་མང་ཚོགས་དེ་བས་མང་པོ་སྡོད་ཁང་གསར་པའི་ནང་སྤོས་ནས་བདེ་དྲོད་ལྡན་པའི་དགུན་ཁ་སྐྱེལ་ཐུབ་པ་རེད།
འཛུགས་སྐྲུན་སྡེ་ཚན་གྱིས་བཤད་པར་གཞིགས་ན།  འཆར་འགོད་བྱེད་པར་ལྟར།སེར་ཤུལ་རྫོང་གི་གནོད་ཐེབས་ས་ཁུལ་ལ་མ་དངུལ་སྒོར་ཁྲི22348བཏང་ནས་གནོད་ཐེབས་དུད་ཚང1492ཀྱི་རྒྱ་ཁྱོན་སྨི་གྲུ་བཞི་མ119360ལྡན་པའི་སྡོད་ཁང་བསྐྱར་འཛུགས་བྱ་རྒྱུ་རེད།   མིག་སྔར་སླེབས་དུས།  དམར་འབྲིན་ཤང་གི་དུད་ཚང60ཀྱི་སྡོད་ཁང་འགེབས་མ་ཚར་བ་ཕུད།  དུད་ཚང1432ཀྱི་སྡོད་ཁང་གི་གཙོ་གནད་ཨར་ལས་ཚང་མ་ལེགས་འགྲུབ་བྱུང་ཡོད།  ཞིང་དུད2681གི་སྡོད་ཁང་དང་གྲོང་རྡལ་དང་གྲོང་ཁུལ་ཡུལ་མིའི་སྡོད་ཁང་སྲ་བཟོ་བྱ་རྒྱུའི་ཨར་ལས་སྒོ་ཀུན་ནས་འགེབས་འགོ་བཙུགས་ཏེ་དུད་ཚང1335ཡི་སྡོད་ཁང་བཀབ་ཟིན་པ།  སློབ་གསོ་དང་།  འཕྲོད་བསྟེན།  རིག་གནས་ས་ཚུགས་སོགས་སྤྱི་པའི་ཞབས་ཞུ་སྒྲིག་ཆས་བསྐྲུན་རྒྱུ་དང་དཔེར་སྟོན་གྲོང་ཚོ8ཀྱི་ཆུ་དང་།  གློག  གཞུང་ལམ་སོགས་རྨང་གཞི་སྒྲིག་ཆས་བསྐྲུན་རྒྱུའི་ལས་ཀ་ཁག་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་གཏོང་བཞིན་པ། 

  • ལེ་ཚན་སྔོན་མ།:ལིའུ་ཏའོ་ཕིང་གིས་སྐད་གཉིས་སློབ་གསོ་བྱ་རྒྱུ་སྲ་བརྟན་བཏང་ནས་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོ
  • ལེ་ཚན་རྗེས་མ།:དར་མདོ་རྫོང་གིས་དགུན་དཔྱིད་གཉིས་ཀྱི་ལས་ཀ་ཡག་པོ་བསྒྲུབས་པ།
  • དོ་སྣང་ཆེ་བའི་རྩོམ།