སློབ་ཐོན་སློབ་མ་ཁྲི21.8སི་ཁྲོན་ཞིང་ཆེན་གྱི་གཞུང་ཞབས་པའི་རྒྱུགས་སྤྲོད་ལ་ཞུགས།

ཐུབ་བསྟན་གྱིས།        2010-11-11

ཟླ་བ11པའི་ཚེས6ཉིན་ནི་སི་ཁྲོན་ཞིང་ཆེན་གྱི་ལས་རྐང་མི་འདྲ་བའི་ཁྲོམ་བསྒྲགས་སློབ་མ་སྡུད་པའི་རྒྱུགས་ལེན་གྱི་ཉིན་མོ་ཡིན་ཞིང་།གོང་ཚེས་ཉིན་སི་ཁྲོན་ཞིང་ཆེན་ཡོངས་སུ་རྒྱུགས་སྤྲོད་མཁན་གྱི་མི་གྲངས་ཁྱོན་བསྡོམས218366ལ་ཟིན་པས་རྒྱུགས་སྤྲོད་མི་གྲངས་འདི་ལྟར་མང་པོ་ཡོད་པ་ནི་སྔོན་ཆད་བྱུང་མ་མྱོང་བ་ཞིག་རེད།
ཐེངས་འདིའི་རྒྱུགས་ལེན་ཁྲོད་དུ་ཁྱོན་བསྡོམས་རྒྱུགས་སྤྲོད་ས་ཚིགས178བཙུགས་ཡོད་པ་དང་།  རྒྱུགས་སྤྲོད་གནས་ཁང་པ7328བཀོད་སྒྲིག་བྱས་ཡོད་པས་མ་ཚད་རྒྱུགས་ལེན་གྱི་རྩ་འཛུགས་དང་དོ་དམ་སོགས་ཀྱི་ལས་འགན་ཧ་ཅང་ལྕི་བས་ཞིང་ཆེན་ཡོངས་སུ་རྒྱུགས་ལེན་ལས་སྒྲུབ་མི་སྣ་ཁྱོན་བསྡོམས21000བསྐོ་བཞག་བྱེད་ཡོད་པ་རེད།   ཐེངས་འདིའི་ཁྲོམ་བསྒྲགས་སློབ་སྡུད་རྒྱུགས་ལེན་ནང་དུ་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་།   གྲོང་ཁྱེར་དང་ཁུལ།རྫོང་།ཤང་།   ནགས་ལས་སྤྱི་བདེ་མི་སྣ།    ཁྲིམས་འཛིན་ལས་རོགས་པ།   བཟོ་ཚོང་དང་།   ས་གནས་ཁྲལ་དོན།   སྤུས་ཀ་ལྟ་སྐུལ།   བཙོན་ཁང་གི་ངལ་རྩོལ་སློབ་གསོ་བ།  ཁྲིམས་ཁང་། ཞིབ་དཔྱོད་ཁང་།རྒྱལ་ཁབ་བདེ་འཇགས་བཅས་ཀྱི་ལས་རིགས་མ་ལག་དང་།   ཉིང་རྡུལ་བཟོ་ལས་ས་གཤིས་ཅུས་སོགས་རྒྱུགས་ལེན་རྣམ་གྲངས་ཁག12ཡོད་པར་ཁྱོན་བསྡོམས་སློབ་ཚན11རྒྱུགས་སྤྲོད་བྱེད་དགོས་པ་རེད།
  • ལེ་ཚན་སྔོན་མ།:ཁུལ་ཨུའི་ལས་སྒྲུབ་ཚོ་ཆུང་སྡེ་རོང་རྫོང་དུ་འོང་ནས་ལས་ཀ་ཞིབ་བཤེར་སློབ་སྟོན་བྱེད་པ།
  • ལེ་ཚན་རྗེས་མ།:ལིའུ་ཏའོ་ཕིང་གིས་སྐད་གཉིས་སློབ་གསོ་བྱ་རྒྱུ་སྲ་བརྟན་བཏང་ནས་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོ
  • དོ་སྣང་ཆེ་བའི་རྩོམ།