དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་རེས་སྐོར་གསར་པའི་གྲོས་མོལ་ལ་གྲུབ་འབྲས་གལ་ཆེ་ཐོབ་པར་དཀའ།
མིག་དམར་གྱིས་བསྒྱུར། 2014-03-10
ཞིན་ཧྭ་གསར་འགྱུར་ཁང་ཏེ་ཧེ་ལན་ནས་འབྱོར་བའི་གཏམ་གསར། དབྱི་རན་ཕྱི་འབྲེལ་པུའུའི་མགྲིན་ཚབ་པས་ཨ་ཧུའུ་ཧ་མུའུ་ཡིས་བཤད་རྒྱུར། དབྱི་རན་གྱིས་བལྟས་ན་ཝི་ཨེན་ན་རུ་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་རྒྱལ་ཁབ་དྲུག(ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སུ། ཀྲུང་གོ འཇར་མན)གིས་དབྱི་རན་དང་རེས་སྐོར་གསར་པའི་གྲོས་མོལ་ལ་གྲུབ་འབྲས་ཆེན་པོ་ཐོབ་དཀའ་བ་རེད།
ཨ་ཧུའུ་ཧ་མུའུ་ཡིས་ཉིན་དེའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཤད་རྒྱུར། ཐེངས་འདིར་གཙོ་བོ་གྲོས་མོལ་བྱེད་རྒྱུ་ནི་མ་འོངས་པར་ཉིང་རྡུལ་ལ་གྲོས་མོལ་བྱེད་པའི་སྒྲོམ་གཞི་དེ་ཡིན་ཞིང་། ཐེངས་འདིའི་གྲོས་མོལ་ལ་གྲུབ་འབྲས་གལ་ཆེ་ཐོབ་པའི་རེ་སྒུག་བྱེད་མི་ཉན། ཁོས་བཤད་རྒྱུར། ཉིང་རྡུལ་གྲོས་མོལ་ནི་ཡུན་རིང་ཞིང་དཀའ་ངལ་ལྡན་པ་དང་རྙོག་དྲ་ཆེ་བའི་བརྒྱུད་རིམ་ཞིག་ཡིན་པས། གཟབ་གཟབ་ཀྱི་སྒོ་ནས་སྐུལ་འདེད་བྱེད་དགོས་པ་ཞིག་རེད།
དབྱི་རན་གྱི་ཆེས་མཐོ་བའི་གཙོ་འཛིན་ཧ་མུའུ་ནེ་དབྱིས་ཁོས་དབྱི་རན་དང་རྒྱལ་ཁབ་དྲུག་གིས་ཉིང་རྡུལ་གནད་དོན་གྱི་གྲོས་མོལ་ལ་དགའ་པོ་མི་བྱུང་ཡང་དེ་ལ་ངོ་རྒོལ་མི་བྱེད་ཅེས་བསྟན་པ་རེད།
ན་ལོའི་ཟླ་བ11པར་དབྱི་རན་དང་དབྱི་རན་གྱི་ཉིང་རྡུལ་གནད་དོན་ལ་རྒྱལ་ཁབ་དྲུག་པོའི་བར་སུའེ་ཙེར་གྱི་རེ་ནེ་ཝར་དུས་མཚམས་དང་པོའི་གྲོས་ཆོད་ཡི་གེ་བཞག་ཡོད། དབྱི་རན་གྱིས་ཉིང་རྡུལ་གྱི་འཆར་གཞི་འགར་མཚམས་འཇོག་རྒྱུ་ཁས་ལེན་པ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཁྲིམས་འདོམས་ལྷོད་དུ་གཏོང་རྒྱུ་བྱས་པ་རེད།
ཉིན་གསུམ་རིང་གི་ཝེ་ཨེན་ནར་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་རེས་སྐོར་གསར་པའི་གྲོས་མོལ་དེ་ཚེས18ཉིན་ཝེ་ཨེན་ནར་འཚོགས་ཤིང་ཟླ་བ་དང་པོ་ནས་བཟུང་ལག་བསྟར་བྱས་པའི་དུས་རིམ་དང་པོར་གྲོས་མོལ་བྱས་པའི་རྨང་གཞིའི་ཐོག་ཡུན་རིང་པོར་དབྱི་རན་ཉིང་རྡུལ་གནད་དོན་ཐག་གཅོད་བྱས་པའི་འཆར་འགོད་བྱས་པ་རེད།