སིང་ག་ལཱ་རྒྱལ་ཁབ་ཀྱིས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-09-12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ལཱའི་དམག་ཕྱོགས་ཀྱི་མགྲིན་ཚབ་པས་ཚེས11ཉིན་ཁྱབ་སྒྲོག་བྱས་དོན། སིང་ག་ལཱའི་དམག་ཕྱོགས་ཀྱིས་ཉིན་དེར་རྒྱལ་ཁབ་དེའི་ཤར་ཕྱོགས་ས་ཁུལ་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

སིང་ག་ལཱའི་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཝེ་ཁི་ལཱ་མཱ་ལཱ་ཐི་ནེ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་སིང་ག་ལཱའི་སྐམ་མཚོ་མཁའ་གསུམ་གྱི་དམག་མི་སྟོང་གཉིས་དང་བདུན་བརྒྱ་ཙམ་ཡོད་པ་དང་། ཀྲུང་གོ་དང་རྒྱ་གར། ཕཱ་ཁི་སི་ཐན་སོགས་རྒྱལ་ཁབ་བཞི་བཅུ་ལྷག་གི་དམག་དོན་འཐུས་མི་དང་ལྟ་ཞིབ་པ་ཡང་དམག་དོན་སྦྱོང་བརྡར་བྱ་འགུལ་ལ་ཞུགས་ཡོད་ཟེར།

ཁོས་བཤད་རྒྱུར། ཐེངས་འདིའི་དུས་ཡུན་ཉིན་བཅོ་ལྔ་ཡིན་པའི་དམག་དོན་སྦྱོང་བརྡར་བྱ་འགུལ་གྱི་དམིགས་ཡུལ་ནི་སིང་ག་ལཱའི་དམག་དཔུང་གི་དམིགས་བསལ་གཡུལ་འཐབ་ཆ་རྐྱེན་འོག་གི་མཚོ་སྐམ་མཁའ་གསུམ་མཉམ་འབྲེལ་གྱི་གཡུལ་འཐབ་དང་མཐུན་སྦྱོར་ནུས་པ་ཇེ་མཐོར་གཏོང་བའི་ཆེད་དུ་ཡིན་ཟེར། །

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ཝུའུ་ཙི་པེ་ཁི་ཐིན་སི་ཐན་གྱི་ཙུང་ཐུང་ཁ་ལིས་མའོ་ཧྥུའུ་དང་གླེང་མོལ་མཛད་པ།
  • ལེ་ཚན་རྗེས་མ།:རྔ་བ་ཁུལ་དུ་ད་ལོ་ནས་བཟུང་ལོ་བཅོ་ལྔའི་འོས་འགན་སློབ་གསོ་ལག་བསྟར་བྱེད་པ།
  • དོ་སྣང་ཆེ་བའི་རྩོམ།