དབྱི་རག་བྱང་ཕྱོགས་ས་ཁུལ་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབ་སྟེ་བདེ་འཇགས་མི་སྣ8རྐྱེན་ལམ་དུ་ཤོར།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-07-30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་བྱང་ཕྱོགས་ཀྱི་ཐུའུ་ཙི་ཧུའུ་ཨར་མཱ་ཐུའུ་གྲོང་ཁྱེར་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་སྤྱི་ཟླ7པའི་ཚེས28ཉིན་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཁུའུ་ཨར་ཏི་ཡི་བདེ་འཇགས་མི་སྣ8འགས་གཏོར་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། མི4ལ་རྨས་ཕོག་ཟེར།

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཉིན་དེའི་ཞོགས་པར་འཇབ་རྒོལ་མཁན་གྱིས་འགད་རྫས་གང་དྲུད་པའི་རླངས་འཁོར་ཞིག་བསྐོར་ནས་ཐུའུ་ཙི་ཧུའུ་ཨར་མཱ་ཐུའུ་གྲོང་ཁྱེར་ལྟེ་གནས་ཀྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ཏུ་ཐོན་རྗེས་འགས་གཏོར་བཏང་སྟེ། ཞིབ་བཤེར་ས་ཚིགས་ཀྱི་ཁུའུ་ཨར་ཏི་ཡི་བདེ་འཇགས་མི་སྣ8རྐྱེན་ལམ་དུ་ཤོར་བ་དང་། འཇབ་རྒོལ་མཁན་ཡང་འགས་གཏོར་ཁྲོད་ཤི་ཟེར།

ཐུའུ་ཙི་ཧུའུ་ཨར་མཱ་ཐུའུ་གྲོང་ཁྱེར་དེ་རྒྱལ་ས་པཱ་ཀ་ཏཱ་དང་བར་ཐག་སྤྱི་ལེ170ཙམ་ཡོད་པ་དང་། དབྱི་རག་ཀྲུང་དབྱང་སྲིད་གཞུང་དང་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་སྲིད་གཞུང་བར་གྱི་རྩོད་གཞིར་གྱུར་བའི་ས་ཁུལ་ཞིག་ཡིན་ལ། ས་ཁུལ་དེར་མི་རིགས་མང་བོ་འདྲེས་སྡོད་བྱས་ཡོད་པས། མི་རིགས་དང་ཆོས་ལུགས་ཕྱོགས་ཁག་བར་གྱི་འཁྲུག་རྩོད་ཅུང་ཚབས་ཆེན་ཡིན་པར་མ་ཟད། འཇིགས་སྐུལ་འཇབ་རྒོལ་དང་གཞི་རྒྱ་ཆུང་བའི་དྲག་ཆས་འཁྲུག་རྩོད་ཀྱང་དུས་ངེས་མེད་དུ་འབྱུང་བཞིན་ཡོད།  །

  • ལེ་ཚན་སྔོན་མ།:འཇར་པན་སྲིད་འཛིན་མནའ་འབྲེལ་ལ་གྲོས་ཞུགས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ།
  • ལེ་ཚན་རྗེས་མ།:མཚོ་ལྷོའི་བྱ་མདོ་རུ་དྲུག་པའི་སྲོལ་རྒྱུན་སྤྲོ་ཚོགས་དང་རོང་འབྲོག་པའི་ལུས་རྩལ་འགྲན་ཚོགས་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།