ཀྲུང་ཨའི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་ཐེངས་ལྔ་བས་ནུས་ཁུངས་བདེ་འཇགས་ཀྱི་གྲོས་ཚོགས་བསྡུས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-07-12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨ་མེ་རི་ཁའི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་ཐེངས5བས་ཚེས10ཉིན་ནུས་ཁུངས་བདེ་འཇགས་ཀྱི་ཆེད་དོན་གྲོས་ཚོགས་བསྡུས།ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་དམིགས་བསལ་འཐུས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་དང་རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡི་དམིགས་བསལ་འཐུས་མི།རྒྱལ་སྲིད་བློན་ཆེན་ཁི་ལི་དང་ནོར་སྲིད་བློན་ཆེན་ཡཱ་ཀི་པུའུ་ལུའུ་བཅས་ཀྱིས་མཉམ་དུ་གྲོས་ཚོགས་ལ་མགོ་འཛིན་བྱས།རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བས་འཛམ་གལིང་ཡོངས་ཀྱི་རྡོ་སྣུམ་དང་སོལ་རླངས་ཚོང་ར་དང་། རྡོ་སྣུམ་དང་སོལ་རླངས་ཀྱི་མཁོ་འདོན་ཆ་འཕྲིན་མཉམ་སྤྱོད། ནུས་ཁུངས་ཀྱི་རིན་གོང་། རྡོ་སྣུམ་དང་སོལ་རླངས་ཀྱི་ཉོ་ཚོང་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་ཟབ་མོ་བྱས།

བང་དབྱང་གིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་ནི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཚོགས་ཁག་ཆེན་པོ་གཉིས་དང་། ཆེས་ཆེ་བའི་ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་བྱེད་པའི་རྒྱལ་ཁབ་ཡིན་པའི་ཆ་ནས། ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད་དུ་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་སྲིད་ཇུས་ཀྱི་གྲོས་མོལ་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ་དང་། མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། མཉམ་དུ་རྒྱལ་ཁབ་གཉིས་དང་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་གསོག་འཇོག་གི་གནས་ཚུལ་གསལ་བོ་བྱེད་པ་དང་། རྒྱལ་སྤྱིའི་ནུས་ཁུངས་མཁོ་འདོན་དང་རིན་གོང་བརྟན་འཇགས་ཡོང་བར་འགན་སྲུང་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་འདོད་ཡོད་ཟེར།

དབྱང་ཅེ་ཁྲི་ཡིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ནུས་ཁུངས་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ན། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཁོ་འདོན་བརྟན་འཇགས་ཡོང་བ་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོའི་ཐད་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་དེས་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་གཉིས་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ཟེར།

ཁི་ལི་དང་ཡཱ་ཀི་པུའུ་ལུའུ་གཉིས་ཀྱིས་བསྟན་དོན། ཨ་མེ་རི་ཁ་དང་ཀྲུང་གོའི་ནུས་ཁུངས་མཉམ་ལས་ལ་འཐབ་ཇུས་རང་བཞིན་ལྡན་ཞིང་། ཁྱབ་ཁོངས་ཆེ་བ་དང་སྦས་ཤུགས་ཆེན་པོ་ལྡན། ཨ་མེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ཁྲོད་གོ་གནས་ཧ་ཅང་གལ་ཆེན་ཟིན་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོའི་བར་ཁ་དོན་གཉིས་མཚུངས་ཀྱི་ནུས་ཁུངས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་འཛུགས་འདོད་ཡོད་པ་དང་། སྲིད་ཇུས་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། གོམ་རིམ་རྗེས་མའི་མཉམ་ལས་འཆར་འགོད་དང་ལག་བསྟར་བཟང་བོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་ཚོང་རའི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་ཡོད་གནད་དོན་ལ་རྒྱུས་མངའ་ཡོད་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།  ། 

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་ནི་ཀྲེ་རི་ཡའི་ཙུང་ཐུང་ཆའོ་ན་སིན་དང་གྲོས་མོལ་མཛད་པ།
  • ལེ་ཚན་རྗེས་མ།:མཚོ་བྱང་རྐང་ཚ་རྫོང་དུ་གནས་སྐོར་ངལ་གསོའི་སྦྲ་གུར་གསར་སྐྲུན་འགྲན་བསྡུར་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།