བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-11-13
རྒྱ་གར་གྱི་ཙུང་ལི་ཞིན་ཀི་ཡིས་ཚེས་བཅུ་གཉིས་ཉིན་འཚམས་འདྲིར་ཡོང་བའི་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁཱ་ཨར་ཀྲ་དབྱེ་དང་གྲོས་མོལ་བྱས། ཕྱོགས་གཉིས་བར་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པ་དང་། དཔལ་འབྱོར་མཉམ་ལས་རྒྱ་བསྐྱེད་པ། ཨ་ཧྥུའུ་ཧན་གྱི་འཐབ་འཁྲུག་རྗེས་ཀྱི་བསྐྱར་འཛུགས་དང་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་སོགས་གནད་དོན་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་།
ཞིན་ཀི་དང་ཁཱ་ཨར་ཀྲ་དབྱེ་གཉིས་ཀྱིས་གྲོས་མོལ་བྱས་རྗེས་གསར་འགོད་པར་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ཨ་ཧྥུའུ་ཧན་རྒྱལ་ཁབ་དེ་བརྟན་འཇགས་དང་སྟོབས་ལྡན། མཐུན་སྒྲིལ། རང་བདག དར་རྒྱས་ཡིན་པའི་རྒྱལ་ཁབ་ཅིག་ཏུ་འགྱུར་བར་རེ་བ་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་དཔལ་འབྱོར་རོགས་ལས་འབྲེལ་བར་ཤུགས་སྣོན་རྒྱུར་འཐད་པ་བྱུང་། རྒྱ་གར་གྱིས་ཨ་ཧྥུའུ་ཧན་གྱིས་དཔལ་འབྱོར་ཐད་ནས་ཨེ་ཤ་ཡཱ་ལྷོ་མ་ས་ཁུལ་དང་མཐུན་པར་བྱས་ཏེ་ས་ཁུལ་གྱི་དར་རྒྱས་དང་བརྟན་འཇགས་ཐད་བྱས་རྗེས་འཇོག་པར་རེ་བ་བྱས་ཡོད་ཟེར། ཞིན་ཀི་ཡིས་ད་རུང་བསྟན་དོན། རྒྱ་གར་གྱིས་མུ་མཐུད་དུ་ཨ་ཧྥུའུ་ཧན་ལ་དཔལ་འབྱོར་རོགས་སྐྱོར་བྱེད་རྒྱུའི་བསམ་ཚུལ་བསྟན།
རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བསྟན་དོན། རྒྱ་གར་དང་ཨ་ཧྥུའུ་ཧན་རྒྱལ་ཁབ་གཉིས་ཀྱིས་ཨ་ཧྥུའུ་ཧན་གྱི་དཔལ་འབྱོར་རང་བདག་ནུས་པའི་འཛུགས་སྐྲུན་དང་། རྣམ་པ་ཆུང་བའི་གསར་སྤེལ་ལས་གཞི། མི་ཤུགས་ཐོན་ཁུངས་གསར་སྤེལ་སོགས་ཐད་ཀྱི་མཉམ་ལས་རྒྱ་བསྐྱེད་རྒྱུ་ཡིན་ཟེར། ཕྱོགས་གཉིས་ཀྱིས་ད་རུང་མཉམ་ལས་འཆར་གཞི་དེ་དག་ཐད་ནས་མཉམ་ལས་རེ་འདོད་ཡི་གེ་བཞི་བཀོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10