ཙེམ་པུ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་སོ་གཅིག་ལ་ཤི་རྨས་བྱུང་བ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-09-18

ཙེམ་པུ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཙེམ་པུ་ཡཱའི་ནུབ་ཕྱོགས་ཀྱི་ལུའུ་ཨ་ཕུའུ་ལཱ་ཞིང་ཆེན་གྱི་མུའུ་ཝུན་སི་ས་ཁུལ་ནས་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གཉིས་ལ་རྨས་ཕོག དེའི་ནང་མི་བཅུ་བདུན་གྱི་རྨས་སྐྱོན་ཚབས་ཆེན་ཡིན་ཟེར།

ཙེམ་པུ་ཡཱའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་དབྱེ་ལོས་ཧྲ་ཡིས་བཤད་རྒྱུར། དོན་རྐྱེན་དེ་ལས་ཤི་རྨས་ཐེབས་པའི་མི་ཚང་མ་ས་དེའི་ཆོས་ཁང་ཞིག་གི་ལས་བྱེད་མི་སྣ་རེད་ཟེར།

  • ལེ་ཚན་སྔོན་མ།:ཨ་ཧྥུའུ་ཧན་ལྷོ་ཕྱོགས་ས་ཁུལ་དུ་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་སྣུམ་འདྲུད་རླངས་འཁོར་ཞིག་ཐོ་བརྒྱབ་སྟེ་མི་
  • ལེ་ཚན་རྗེས་མ།:མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས67པ་ཚོགས་མགོ་བརྩམས་པ།
  • དོ་སྣང་ཆེ་བའི་རྩོམ།