བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-09-14
ཡོ་རོབ་གླིང་གྲོས་ཁང་གིས་ཚེས་བཅུ་གསུམ་ཉིན་སི་ཐི་ལཱ་སི་པའོ་ནས་སི་རི་ཡཱའི་གནད་དོན་སྐོར་གྱི་གྲོས་ཆོད་ཅིག་ལ་གྲོས་མཐུན་བཀོད་དེ། སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་དུ་དྲག་ཤུགས་འགུལ་སྐྱོད་སྤེལ་མཚམ་འཇོག་དགོས་པའི་འབོད་སྐུལ་བཏང་།
གྲོས་ཆོད་ལས་སི་རི་ཡཱའི་ཕྱོགས་ཁག་སོ་སོས་གང་མགྱོགས་སྒོས་ཁྱབ་ཁོངས་ཆུང་ངུའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་དེ། གྲོས་མོལ་ལ་བརྟེན་ནས་སྔར་ལས་ཁྱབ་རྒྱ་ཆེན་པོའི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན། གྲོས་ཆོད་ལས་བལྟས་ན། སི་རི་ཡཱའི་དྲག་ཆས་འཁྲུག་རྩོད་རྒྱུན་བསྲིངས་ན་སི་རི་ཡཱའི་མི་དམངས་ལ་སྔར་དཀའ་སྡུག་ཆེན་པོ་བཟོ་སྲིད་པ་དང་། ས་ཁུལ་ཡོངས་ཀྱི་བདེ་འཇགས་དང་བརྟན་འཇགས་ཐད་ལའང་དཔོག་དཀའ་བའི་ཤུགས་རྐྱེན་ཐེབས་སྲིད་པར་སྙམ།
ཡོ་རོབ་གླིང་གྲོས་ཁང་གིས་གྲོས་ཆོད་ནང་ཡང་བསྐྱར་ལི་པུ་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་མྱུར་དུ་དབང་ཆ་བསྐྱུར་ནས། སི་རི་ཡཱ་རྒྱལ་ཁབ་ཀྱི་ཞི་བདེའི་དམངས་གཙོའི་བར་བརྒལ་མགོ་རྩོམ་པར་སྟབས་བདེ་བཟོ་དགོས་པའི་རེ་བ་བཏོན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10