ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་ཨ་མེ་རི་ཁར་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སློང་བྱེད་ཀྱི་གློག་བརྙན་དེར་སྐྱོན་བརྗོད་བྱས་པ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-09-14

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཞི་ལཱ་ལི་ཡིས་ཚེས་བཅུ་གསུམ་ཉིན་དབྱི་སི་ལན་གྱི་སྟོན་པ་མུའུ་ཧན་མའོ་ཏི་ལ་དམའ་འབེབས་བྱེད་པ་དང་། ཨ་རབ་རྒྱལ་ཁབ་རེ་འགའ་ནས་ཨ་མེ་རི་ཁར་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སློང་བྱེད་ཀྱི་གློག་བརྙན་དེ་ལ་སྐྱོན་བརྗོད་བྱས་པ་དང་། ཨ་མེ་རི་ཁའི་སྲིད་གཞུང་གློག་བརྙན་དེར་འབྲེལ་བ་སྤུ་ཙམ་ཡང་མེད་པ་ནན་བཤད་བྱས།

ཞི་ལཱ་ལི་ཡིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཨ་མེ་རི་ཁ་དང་མའོ་ལོ་ཀིའི་འཐབ་ཇུས་གྲོས་མོལ་ལ་ཞུགས་སྐབས་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གློག་བརྙན་དེར་འབྲེལ་བ་གང་ཡང་མེད་པ་དང་། ང་ཚོའི་གློག་བརྙན་དེའི་ནང་དོན་དང་བརྗོད་སྙིང་གཏན་ནས་ཁས་ལེན་མི་སྲིད། ང་ཚོ་དང་ང་རང་ཉིད་ལ་མཚོན་ན་གློག་བརྙན་དེ་ནི་སྐྱུག་བྲོ་བའི་ཐ་ཤལ་བྱ་སྤྱོད་ཅིག་ཡིན་པས་ཀུན་གྱིས་རྒོལ་གཏམ་བཏང་ཆོག་ཆོག་ཡིན་ཟེར།

ཞི་ལཱ་ལི་ཡིས་ད་རུང་བསྐྱར་སྒྲོག་བྱས་དོན། དྲག་ཤུགས་ཀྱི་རྣམ་པར་བརྟེན་ནས་གློག་བརྙན་ལ་རྒོལ་ལན་སྤྲོད་པར་རྒྱུ་མཚན་གང་ཡང་མེད་ལ། ཕྱི་འབྲེལ་ལས་ཁུངས་ལ་དྲག་ཤུགས་བྱ་སྤྱོད་ལག་བསྟར་བྱས་པ་ནི་དེ་བས་ཀྱང་ནོར་འཁྲུལ་གྱི་བྱ་སྤྱོད་ཅིག་རེད་ཟེར།

གློག་བརྙན་དེ་དབང་གིས་ལི་པུ་ཡཱ་དང་ཨེ་ཅིབ་། ཐུ་ནི་ཞི་ཡཱ། ཡེ་མིན། དབྱི་ལིང་སོགས་རྒྱལ་ཁབ་ནས་ཨ་མེ་རི་ཁར་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་ཡོད།

  • ལེ་ཚན་སྔོན་མ།:ཧུའུ་ཅིན་ཐའོ་ཡིས་ཐེ་གོའི་ཙུང་ལི་དབྱིན་ལཱ་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ཨོ་པཱ་མཱ་ཡིས་ལི་པུ་ཡཱ་དང་ཨེ་ཅིབ་ཀྱི་མགོ་ཁྲིད་པར་ཁ་པར་བཏང་སྟེ་བདེ་འཇགས་མཉམ་ལས་གནད་དོན་ལ་གྲོས་བསྡུར་བྱ
  • དོ་སྣང་ཆེ་བའི་རྩོམ།