མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-07-19
ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ས་དེའི་ཉིན་གུང་གི་དུས་ཚོད12དང་སྐར་མ50ཡས་མས་སུ། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་པ་གཉིས་ཀྱིས་འཕྲུལ་རྟ་བསྐོར་ནས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དཔོན་རིགས་ཀྱི་རླངས་འཁོར་རུ་ཁག་ལ་མེ་མདས་བརྒྱབ་པ་དང་། རླངས་འཁོར་རུ་ཁག་དེ་སྐབས་དེར་ཁཱ་ལཱ་ཆིའི་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བའི་སྒར་ས་ཞིག་ཏུ་བྱིས་པའི་སྦྲིད་ནད་མེད་པར་གཏོང་བའི་བྱ་འགུལ་ལ་ཞུགས་བཞིན་ཡོད་པ་དང་། འཇབ་རྒོལ་དེ་ལས་ཕྱི་རྒྱལ་གྱི་སྨན་པ་ཞིག་དང་ས་དེའི་རླངས་འཁོར་ཁ་ལོ་བ་ཞིག་ལ་རྨས་ཕོག དྲག་ཆས་པས་འཇབ་རྒོལ་བྱས་རྗེས་བྲོས་བྱོལ་བྱས།
ཕཱ་ཁི་སི་ཐན་གྱིས་ཚེས16ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་དུས་ཡུན་ཉིན་གསུམ་གྱི་རིང་བྱིས་པའི་སྦྲིད་ནད་མེད་པར་གཏོང་བའི་བྱ་འགུལ་སྤེལ་བ་དང་། ཐཱ་ལེ་པན་གྱིས་བྱ་འགུལ་དེར་ཞུགས་མཁན་ལ་འཇབ་རྒོལ་བྱེད་རྒྱུའི་འཇིགས་སྐུལ་མྱོང་། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10