ཨ་མེ་རི་ཁས་ཁྲའོ་ཞན་གྱི་བཀག་སྡོམ་ཡུན་ཚད་ཇེ་རིང་དུ་བཏང་བ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-06-21

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་བཅོ་བརྒྱད་ཉིན་མུ་མཐུད་དུ་ཨ་མེ་རི་ཁར་འཇིགས་ཉེན་ཚབས་ཆེན་བཟོ་བ་རྒྱུ་མཚན་དུ་བྱས་ཏེ། ཁྲའོ་ཞན་གྱི་བཀག་སྡོམ་བྱེད་ཐབས་དེ་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས།

ཨོ་པཱ་མཱ་ཡིས་རྒྱལ་ཚོགས་ལ་སྤྲད་པའི་སྤྱི་སྒྲོག་ཅིག་གི་ནང་བཤད་རྒྱུར། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་འབར་རྫས་ཅན་གྱི་མཚོན་ཆ་ཡོད་པ་དང་། དེ་རྒྱ་ཡན་དུ་འགྲོ་བའི་ཉེན་ཁ་ཡོད་ལ། རྒྱུ་རྐྱེན་དེ་དག་དང་ཁྲའོ་ཞན་སྲིད་གཞུང་གི་བྱ་སྤྱོད། སྲིད་ཇུས་བཅས་ཀྱིས་མུ་མཐུད་དུ་ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་དང་། ཕྱི་འབྲེལ་སྲིད་ཇུས། དཔལ་འབྱོར་བཅས་ལ་རྒྱུན་ལྡན་མིན་པའི་འཇིགས་ཉེན་ཐེབས་བཞིན་ཡོད་པས། ཁོས་ཁྲའོ་ཞན་ལ་དམིགས་པའི་བཀག་སྡོམ་བྱེད་ཐབས་དེ་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུའི་ཐག་བཅད་པ་ཡིན་ཟེར།

ཨ་མེ་རི་ཁས་ཉིས་སྟོང་བརྒྱད་ལོའི་ཟླ་དྲུག་པར་ཁྲའོ་ཞན་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱེད་རྒྱུའི་བཀའ་རྒྱ་བཏང་བ་རེད། དེའི་རྗེས་སུ་ཨ་མེ་རི་ཁས་རྒྱུན་ཆད་མེད་པར་བཀག་སྡོམ་ཁྱབ་ཁོངས་རྒྱ་བསྐྱེད།

  • ལེ་ཚན་སྔོན་མ།:ཨ་མེ་རི་ཁའི་ཏི་ཁི་སཱ་སི་ཀྲིག་ལྷོ་ཕྱོགས་ས་ཁུལ་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་བྱིས་པ་གཉིས་རྐྱེ
  • ལེ་ཚན་རྗེས་མ།:ཁྲའོ་ཞན་གྱིས་ཨ་མེ་རི་ཁ་དང་ཧན་གོའི་དམག་དོན་སྦྱོང་བརྡར་བྱེད་སྐབས་ཁྲའོ་ཞན་གྱི་རྒྱལ་དར་འབེན་དུ་བྱས་པར་རྒ
  • དོ་སྣང་ཆེ་བའི་རྩོམ།