བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-06-08
རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ཨན་ཏུང་ནེ་ཡིས་ཚེས་དྲུག་ཉིན་དྷི་ལེ་གསར་བ་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཕཱ་ནེ་ཐཱ་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་ལག་རྩལ་བརྒྱུད་སྤྲོད་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་འགོག་སྲུང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱ་གར་དང་ཨ་མེ་རི་ཁའི་འབྲེལ་བ་སྲ་བརྟན་དུ་གཏོང་རྒྱུར་འཐད་པ་བྱུང་།
བསྒྲགས་པའི་གནས་ཚུལ་ལྟར་ན། ཕྱོགས་གཉིས་ཀྱིས་དུས་ཚོད་གཅིག་ལ་གྲོས་མོལ་བྱེད་སྐབས་འགོག་སྲུང་ཉོ་ཚོང་གནད་དོན་ལ་གྲོས་བསྡུར་བྱས། ཨན་ཏུང་ནེ་ཡིས་རྒྱ་གར་དང་ཨ་མེ་རི་ཁའི་འགོག་སྲུང་མཉམ་ལས་དེ་ཉོ་ཚོང་དུས་རིམ་ནས་ལག་རྩལ་བརྒྱུད་སྤྲོད་དུས་རིམ་དུ་བསྒྱུར་ཏེ། རྒྱ་གར་རང་ཉིད་ཀྱི་གསར་སྤེལ་བཟོ་སྐྲུན་ནུས་པ་འཕེལ་རྒྱས་སུ་གཏོང་དགོས་པ་ནན་བཤད་བྱས། ཕཱ་ནེ་ཐཱ་ཡིས་ཨ་མེ་རི་ཁ་སྲིད་གཞུང་གིས་ལག་རྩལ་བརྒྱུད་སྤྲོད་དང་མཉམ་སྤྱོད་ཐད་ཀྱི་ཚོད་འཛིན་ཇེ་ལྷོད་དུ་གཏོང་རྒྱུ་ཁས་ལེན་བྱས།
ཕྱོགས་གཉིས་ཀྱིས་ད་རུང་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་བདེ་འཇགས་གནས་བབ་དང་། འཛམ་གླིང་ཡོངས་ཀྱི་བདེ་འཇགས་འགྲན་རྩོད་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས། ཨན་ཏུང་ནེ་ཡིས་བསྟན་དོན། རྒྱ་གར་གྱིས་རྒྱལ་སྤྱིའི་ཆུ་ཁོངས་ཀྱི་རང་དབང་འགྲུལ་བཞུད་ལ་རྒྱབ་སྐྱོར་བྱེད་པ་དང་། འབྲེལ་ཡོད་ཕྱོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་འཇོག་གབྱས་ཏེ་ཕན་ཚུན་བར་གྱི་རྩོད་གླེང་ཞི་འཇགས་སུ་གཏོང་དགོས་པའི་འདོད་བློ་བཏོན། ཁོས་ད་རུང་འབྲེལ་ཡོད་ཕྱོགས་ཀྱིས་དང་ལེན་བྱེད་ཐུབ་པའི་མྱུར་ཚད་ཀྱིས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཕྱོགས་མང་བོའི་བདེ་འཇགས་སྒྲིག་གཞི་ཇེ་ལེགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10