དབྱི་ཐཱ་ལེ་རྒྱལ་ཁབ་ཀྱིས་རྒྱལ་ཡོངས་ནས་མྱ་ངན་ཞུ་བའི་བྱ་འགུལ་སྤེལ་ཏེ་ས་འགུལ་གནོད་འཚེའི་ཁྲོད་ཀྱི་ཤི་བོར་མྱ་ངན་ཞུས་པ།

བསོད་ནམས་ཚེ་རིང་།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-06-06

དབྱི་ཐཱ་ལེ་རྒྱལ་ཁབ་ཀྱིས་ཚེས་བཞི་ཉིན་རྒྱལ་ཡོངས་ཀྱི་མྱ་ངན་ཉིན་མོའི་བྱ་འགུལ་སྤེལ་ཏེ། ཉེ་སྔོན་བྱུང་བའི་ས་འགུལ་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མང་ཚོགས་ལ་མྱ་ངན་ཞུས།

ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་དགུའི་ཉིན་བར། དབྱི་ཐཱ་ལེ་བྱང་ཕྱོགས་ཀྱི་ཨེ་མུས་ལེ་ཡཱ་དང་རོ་མཱ་ནེ་་ས་ཁུལ་དུ་སོ་སོར་ཚད་རིམ་ལྔ་དང་གྲངས་ཆུང་དགུ་དང་། ཚད་རིམ་ལྔ་དང་གྲངས་ཆུང་བརྒྱད་ཀྱི་ས་འགུལ་བྱུང་སྟེ། བསྡོམས་པས་མི་ཉེར་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ཕྲག་འགའ་ལ་རྨས་ཕོག ཉུང་མཐར་ཡང་མི་ཁྲི་གཅིག་དང་སྟོང་དྲུག་ལ་འགྲོ་སའི་ཁྱིམ་མེད་པར་གྱུར། རྒྱལ་ཡོངས་ཀྱི་མྱ་ངན་ཉིན་མོར། ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གསུམ་ལ་དུར་འཇུག་བྱས། དེའི་ནང་ཆོས་ཁང་གི་རིག་དངོས་མྱུར་སྐྱོབ་བྱེད་ཆེད་རྐྱེན་ལམ་དུ་ཤོར་བའི་ཆོས་ལུགས་མི་སྣ་ཞིག་ཡོད། དབྱི་ཐཱ་ལེ་རྒྱལ་ཁབ་ཀྱི་ཙུང་ཐུང་དང་ཙུང་ལི་གཉིས་ཀྱིས་འཐུས་མི་མངག་གཏོང་བྱས་ཏེ་མེ་ཏོག་ཕུལ།

ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན་གྱི་ཚུན་ལ། ས་དེ་ནས་ས་འགུལ་ཆུང་བ་བརྒྱད་བརྒྱ་ལྷག་བྱུང་བ་དང་། དེའི་ནང་ཚེས་གསུམ་ཉིན་གྱི་དགོང་མོར་ཚད་རིམ་ལྔ་དང་གྲངས་ཆུང་གཅིག་གི་ས་འགུལ་ཅུང་ཆེན་པོ་ཞིག་བྱུང་།

  • ལེ་ཚན་སྔོན་མ།: རྒྱལ་ཁབ19སྡེ་ཚོགས་ཀྱིས་མའོ་སིང་པུས་ཁི་རྒྱལ་ཁབ་ལ་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར་དྲུག་ལྷག་གི་རོགས་སྐྱོར
  • ལེ་ཚན་རྗེས་མ།:རྒྱ་གར་དང་ཨ་མེ་རི་ཁ་འགོག་སྲུང་ལག་རྩལ་བརྒྱུད་སྤྲོད་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་འཐད་པ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།