བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁྲའོ་ཞན་གྱིས་འཁོར་སྐར་གཏོང་འཕེན་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-04-18

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁྲའོ་ཞན་གྱིས་འཁོར་སྐར་གཏོང་འཕེན་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ།

  ཟླ4བའི་ཚེས16ཉིན། ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་བསྡུས། ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུའུ་ཞིའི་གསལ་སྒྲོག་སྤེལ་ཏེ། ཁྲའོ་ཞན་གྱིས་འཁོར་སྐར་གཏོང་འཕེན་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། བྱ་སྤྱོད་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་གཅིག་བརྒྱད་དང་གཅིག་བརྒྱད་བདུན་བཞི་ལ་འགལ་ཡོད་པར་འདོད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨ་མེ་རི་ཁའི་འཐུས་མི་ལེ་སི་ཡིས་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྟེང་ཀྲུའུ་ཞིའི་གསལ་སྒྲོག་དེ་སྒྲོག་འདོན་བྱས། གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐེངས་འདིར་ཁྲའོ་ཞན་གྱིས་འཁོར་སྐར་གཏོང་འཕེན་བྱས་པ་དང་ཏའོ་ཏན་འཕུར་མདའི་ལག་རྩལ་བེད་སྤྱོད་བྱས་པ་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་གཅིག་བརྒྱད་དང་གཅིག་བརྒྱད་བདུན་བཞི་ལ་འགལ་ཡོད་པ་ནན་བཤད་བྱས་ཟེར།

  གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གཏོང་འཕེན་བྱེད་སའི་མི་ཀུན་གྱིས་དོ་སྣང་ཆེན་པོ་བྱས་པར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཁྲའོ་ཞན་གྱིས་ཏའོ་ཏན་འཕུར་མདའི་ལག་རྩལ་བཀོལ་ནས་འཁོར་སྐར་གཏོང་འཕེན་བྱེད་མི་རུང་བ་དང་། ཏའོ་ཏན་འཕུར་མདའི་འཆར་གཞི་ལ་འབྲེལ་བའི་བྱ་འགུལ་ཚང་མ་མཚམས་འཇོག་དགོས་པའི་རེ་བ་བཏོན།

  བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ད་རུང་དེའི་སྔོན་གྲོས་ཆོད་གཅིག་བདུན་གཅིག་བརྒྱད་གཞིར་བཟུང་སྟེ་ཁྲའོ་ཞན་གྱི་བཀག་སྡོམ་ལ་ལྟ་རྟོག་བྱེད་པར་འགན་འཁུར་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བྱེད་ཐབས་ལེགས་སྒྲིག་བྱེད་རྒྱུ་ཐག་བཅད་པར་མ་ཟད། ཨུ་ཡོན་ལྷན་ཁང་དེས་ཉིན་བཅོ་ལྔའི་ནང་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྙན་ཞུ་སྤྲོད་དགོས་པའི་རེ་བ་བཏོན།  །

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁྲའོ་ཞན་གྱིས་འཁོར་སྐར་གཏོང་འཕེན་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ།

  ཟླ4བའི་ཚེས16ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨ་མེ་རི་ཁའི་འཐུས་མི་ལེ་སི་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྟེང་ཀྲུའུ་ཞིའི་གསལ་སྒྲོག་སྒྲོག་འདོན་བྱེད་བཞིན་པ།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁྲའོ་ཞན་གྱིས་འཁོར་སྐར་གཏོང་འཕེན་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ།

  ཟླ4བའི་ཚེས16ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨ་མེ་རི་ཁའི་འཐུས་མི་ལེ་སི་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་གྲོལ་རྗེས་གསར་འགྱུར་ལས་རིགས་ལ་གཏམ་བཤད་སྤེལ་བཞིན་པ། 

  • ལེ་ཚན་སྔོན་མ།:ཨ་ཀིན་ཐིན་ནས་མེ་འཁོར་ལྕགས་ལམ་ལས་བརྒལ་བའི་དོན་རྐྱེན་བྱུང་སྟེ་མི་དྲུག་བརྒྱ་ཙམ་ལ་ཤི་རྨས་བཟོས་པ།
  • ལེ་ཚན་རྗེས་མ།:ཧུའུ་ཅིན་ཐའོ་ཡིས་ཐེ་གོའི་ཙུང་ལི་དབྱིན་ལཱ་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།