མཚོ་ཤར་ས་ཁུལ་གྱིས་ཡུས་ཧྲུའུ་རོགས་སྐྲུན་གྱི་ལས་འགན་སྒོ་ཀུན་ནས་བསྒྲུབ་ཀྱིན་ཡོད་པ།

ཀླུ་འབུམ་བྱམས།        2012-04-11

མཚོ་ཤར་ས་ཁུལ་གྱིས་ལས་གཞི་འབྲེལ་མཐུད་བྱེད་པར་ཤུགས་སྣོན་དང་། ཨར་ལས་བྱེད་ཤུགས་ཆེ་ཆེར་བཏང་ནས། ད་ལོའི་ཡུས་ཧྲུའུ་རོགས་བསྐྲུན་བྱེད་པའི་ལས་འགན་ཕྱོགས་ཡོངས་ནས་བསྒྲུབ་མགོ་ཚུགས།
དཔྱིད་ཚུགས་པ་ནས་བཟུང་། མཚོ་ཤར་ས་ཁུལ་དང་རྫོང་གི་རོགས་སྐྲུན་གཞུང་སྒྲུབ་ཁང་གིས་བཟོ་བཀོད་ལག་རྩལ་པ་དང་དོ་དམ་པ་བཞི་བཅུ་ལྷག་ཡུས་ཧྲུའུ་ཁྲི་དཔོན་གྲོང་ལ་མངགས་ཏེ་ན་ནིང་ཨར་ལས་འཛུགས་སྐྲུན་གྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་བསྐྱར་ཞིབ་བྱས། ད་ལྟའི་བར། ས་ཁུལ་ཡོངས་ཀྱི་ཨར་ལས་རུ་ཁག་ཞེ་གཉིས་ཀྱི་ལག་རྩལ་པ་དང་བརྩིགས་ལས་པ་སྟོང་གཅིག་ཙམ་དང་། འཕྲུལ་ཆས་དང་སྒྲིག་ཆས་དགུ་བརྒྱ་ལྷག་བཅས་ཨར་ལས་ཡུལ་དངོས་སུ་འབྱོར་ཡོད། དེ་དང་མཉམ་དུ་རོགས་སྐྲུན་ལས་ཁུངས་དང་ཁེ་ལས་ཁག་གིས་ན་ནིང་བཟོ་སྐྲུན་རྒྱུ་ཆ་དཀོན་པ་དང་། སྐྱེལ་འདྲེན་གྱི་མ་རྩ་མཐོ་བའི་དོན་དངོས་ལ་གཞིགས་ཏེ། ཨར་ལས་རྒྱུ་ཆ་དང་དངོས་རྫས་སྔ་མོ་ནས་གྲ་སྒྲིག་བྱས་ནས། ཨར་འདམ་ཏུན་ཁྲི་གཅིག་དང་སྟོང་ལྔ་དང་། རིགས་འདྲ་བའི་རྣོ་སྐུད་སྣ་ཚོགས་ཏུན་སྟོང་ལྔ་དང་དྲུག་བརྒྱ། སོ་ཕག་སྣ་ཚོགས་ས་ཡ་བདུན་དང་འབུམ་བཞི་བཅས་སྐྱེལ་འདྲེན་བྱས་ཏེ། བཟོ་བཀོད་རྒྱུ་ཆ་མཁོ་འདོན་བྱེད་པར་ཁག་ཐེག་བྱས།

  • ལེ་ཚན་སྔོན་མ།:པཱ་ཁི་སི་ཐན་གྱིས་བྱང་ཕྱོགས་ཀྱི་འཁྲུག་རྩོད་བྱུང་བའི་གྲོང་ཁྱེར་ནས་ཕྱི་རྒྱལ་གྱི་མི་བརྒྱ་དང་ཉི་ཤུ་ཕྱིར་འ
  • ལེ་ཚན་རྗེས་མ།:ཧི་མ་ལའི་རིག་མཛོད་དྲ་བ་མི་འགྱངས་བར་ཤར་གཏོང་བྱ་རྒྱུ་ཡིན།
  • དོ་སྣང་ཆེ་བའི་རྩོམ།