བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2012-04-06
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཞི་ཉིན་རི་ནེ་ཝ་ནས་ཁྱབ་སྒྲོག་བྱས་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དུ་བར་ཚོད་འཛིན་བྱེད་པའི་གྲོས་མཐུན་ཁྱབ་ཁོངས་ནང་རྩ་འཛུགས་དེའི་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་སོ་ལྔས་གྲོས་མཐུན་བཀོད་དེ། མཉམ་དུ་ཁྲིམས་འགལ་དུ་བའི་ཉོ་ཚོང་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།
ཉིན་དེར་རི་ནེ་ཝ་རུ་ཡོད་པའི་བན་གོ་ཕོ་བྲང་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དུ་བར་ཚོད་འཛིན་བྱེད་པའི་གྲོས་མཐུན་གྱི་སྲིད་གཞུང་བར་གྱི་གྲོས་མོལ་ཚོགས་འདུའི་ཀྲུའུ་ཞི་ཆའོ་ཀྲི་ཡིས་བཤད་རྒྱུར། ལོ་ངོ་བཞིའི་རིང་གི་གྲོས་མོལ་བརྒྱུད་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་སོ་ལྔས་ཐུན་མོང་བྱེད་ཐབས་སྤྱད་དེ་ཁྲིམས་འགལ་དུ་བའི་ཉོ་ཚོང་ལ་ཆམ་ཕབ་གཏོང་རྒྱུར་འཐད་པ་བྱུང་། དེ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དུ་བར་ཚོད་འཛིན་བྱེད་པའི་གྲོས་མཐུན་ཁྱབ་ཁོངས་སུ་བཀོད་པའི་གྲོས་མཐུན་ཐོག་མ་ཡིན་པ་དང་། འཛམ་གླིང་ཡོངས་ཀྱིི་དུ་བའི་ལས་རིགས་ལ་ཚོད་འཛིན་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10