༢༠༡༤ལོའི་རྩོམ་རིག་ནོ་པའེ་བྱ་དགའ་ཐོབ་མཁན།

གངས་ཅན་དབྱངས་འཚོས་བསྒྱུར།        2014-10-15

དེའང་ཧྥ་རན་སིའི་རྩོམ་པ་བོ་ཕཱ་ཋི་རི་ཁི•མོ་ཊན་ནཱ་(Patrick Modiano)ལ་༢༠༡༤ལོའི་ནོར་བྷེ་རྩོམ་རིག་བྱ་དགའ་ཐོབ་ཅིང་། བྱ་དགའ་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ནི། ཁོང་གིས་འཛིན་ཐབས་བྲལ་བའི་འགྲོ་བ་མིའི་རིགས་ཀྱི་དྲན་ཤེས་ལ་འབུལ་སྐུལ་བཏང་ཞིང་བཙན་བཟུང་བྱས་པའི་འགྲོ་བ་མིའི་རིགས་ཀྱི་འཚོ་བ་མངོན་གསལ་དུ་བསྟན་པས་ལོ་འདིའི་བྱ་དགའ་ཁོང་ལ་ཐོབ་པ་རེད།ད་སྐབས་མོ་ཊན་ནཱ་ཁོང་གིས་ཧྥ་རན་སིའི་ནས་རྩོམ་རིག་གི་ཕྱག་ལས་བགྱི་བཞིན་ཡོད་ཅིང་།རྒྱ་ཆེའི་ཀློག་པ་བོ་གང་མང་གིས་དགའ་བསུ་ཐོབ་པའི་གྲགས་ཅན་རྩོམ་པ་བོ་ཞིག་ཡིན།
    ཁོང་ནི་སྤྱི་ལོ་༡༩༤༥ལོའི་ཟླ་བ་༧པའི་ཚེས་༣༠ཉིན་པ་ལིའི་ལྷོ་ནུབ་ཀྱི་ས་ཆ་ཞོའོ་པོ་ལོ་ཧྲི་ཞེས་པའི་ཁྱིམ་ཚང་འབྱོར་ལྡན་ཞིག་ཏུ་སྐྱེས་ཤིང་། ཁོང་གི་ཡབ་ནི་ཡུའུ་ཐའེ་(犹太人)པ་ཡིན་ལ། ཁོང་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ལྐོག་ཚོང་ཐག་གཅོད་ལས་འགུལ་བ་དང་།དམག་ཆེན་གྱི་རྗེས་ནས་དངུལ་རྩའི་ཁྱབ་ཁོངས་དོ་དམ་པ་སོགས་བྱས།དེ་ལས་ཡུམ་ནི་པེ་ལེ་ཧྲིའི་འཁྲབ་སྟོན་པ་རེད།དེ་ཡང་མོ་ཊན་ནཱ་ཁོང་ལ་ལུའུ་ཏོས་ཞེས་པའི་ཕུ་བོ་ཞིག་ཡོད་ཀྱང་ཡིད་སྐྱོ་བ་ཞིག་ལ་སྔར་ནས་འདས་ཟིན།
    ཁོང་གིས་རང་ལོ་བཅུའི་ཐོག་ནས་སྙན་ངག་བྲིས་ཤིང་རང་ལོ་བཅུ་བཞི་ལྔའི་ཐོག་ནས་སྒྲུང་རྩོམ་གསར་རྩོམ་གྱི་ལམ་ཁ་ལ་དུང་བ་ཇེ་ཆེར་སོང་། ༡༩༦༥ལོར་པ་ལིའི་ཧང་ལེའི་སྐབས་བཞི་བའི་སློབ་འབྲིང་མཐར་ཕྱིན། དེ་རྗེས་པ་ལིའི་སོ་པཱང་སློབ་ཆེན་ནས་སློབ་སྦྱོང་བྱས།ལོ་གཅིག་ཙམ་ནས་བསླབ་མཚམས་བཞག་སྟེ་གསར་རྩོམ་གྱི་ཕྱོགས་ལ་སྦྱོང་བ་ཧུར་ཐག་བྱས།  ཁོང་གིས་ཁ་སྔོན་འགྲེལ་སྤེལ་ཟིན་བརྩམས་སྒྲུང་ཉི་ཤུ་ལྷག་ཡོད་ཅིང་། ཁག་དང་བོའི་བརྩམས་སྒྲུང་《སྐར་དབྱིབས་ཐང་ཆེན》ལ་(༡༩༦༨ལོའི་"ལོ་ཞི་•ནེ་མེ་ཨེའི་གཟིགས་རྟགས་ཐོབ)བསྟུད་མར་ཀོང་ཨར་བྱ་དགའ་དང་ཧྥ་ལན་ཞི་སློབ་གླིང་གིས་བརྩམས་སྒྲུང་སྟེར་བའི་བྱ་དགའི་རིགས་སྣ་ཚོགས་ཐོབ། གཞན་ཡང་ཁོང་དང་ལོ་ཡིས•མ་ཨར་གཉིས་ཀྱིས་འཁྲབ་གཞུང་《ལ་རོང་པོ•ལུའུ་ཞི་ཨན》ཞེས་པ་མཉམ་འབྲེལ་གྱིས་བརྩམས་པ་ལ།ཨོ་སི་ཁཱའི་གསེར་ཐང་བྱ་དགའ་ཐོབ་པ་དེས།ཧྥ་རན་སིའི་དེང་རབས་རྩོམ་རིགས་ཀྱི་སྟེགས་བུ་ལས་མོ་ཊན་ནཱ་ནི་རྩོམ་པ་བོའི་གོ་གནས་ཆེས་མཐོ་ཤོས་དང་དེ་ཡིན་པར་བསྙོན་དུ་མེད་དོ། །
    ཁོང་གི་བརྩམས་ཆོས་གང་མང་ཞིག་རྒྱ་བསྒྱུར་ཞུས་མོད། དེ་ལས་ཚབ་མཚོན་འོས་པ་ནི་《མུན་སྨག་གི་སྲང་ལམ》(དང་《ཟླ་བ་བརྒྱད་པའི་རེས་གཟའ་ཉི་མ》《ལང་ཚོའི་ཚིག་ཇ་ཁང་》《འཛིན་མའི་མུ་ཐིག》སོགས་ཡིན་ནོ།།
  • ལེ་ཚན་སྔོན་མ།:ཞིས་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་གྲོས་མོལ་གནང་བ།
  • ལེ་ཚན་རྗེས་མ།:ཧྥ་རན་སིའི་རེམ་ཐི་རོར་ལ2014ལོའི་ནོ་པེལ་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།