ཞིས་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་གྲོས་མོལ་གནང་བ།

        2014-09-23

མི་དམངས་དྲ་བ་ནས་འབྱོར་བའི་གཏམ་གསར། ཟླ་བ9པའི་ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་རྡི་ལི་གསར་པ་གྲོང་ཁྱེར་དུ་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་གྲོས་མོལ་གནང་སྟེ།ཕན་ཚུན་ལག་གདང་མཉམ་སྦྲེལ་གྱིས་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་དེ་བས་གཏིང་ཟབ་མོ་བཙུགས་ནས་གོ་སྐབས་དམ་འཛིན་ངང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དམིགས་འབེན་མངོན་འགྱུར་དང་། གླིང་ཆེན་ཨེ་ཤེ་ཡའི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད། རྒྱལ་སྤྱིའི་སྒྲིག་གཞི་དེ་བས་ཡང་དག་པའི་ཕྱོགས་སུ་བསྐྱོད་རྒྱུར་ཤུགས་སྣོན་བྱ་རྒྱུའི་མོས་མཐུན་བྱུང་བ་རེད།
    ཞིས་ཅིན་ཕིང་གིས་ནན་གསུང་གནང་དོན། ཀྲུང་གོ་དང་རྒྱ་གར་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་དང་། འཕེལ་རྒྱས་འགྲོ་བཞིན་བའི་རྒྱལ་ཁབ་ཆེན་པོ། གསར་དུ་དར་བའི་ཚོང་རའི་རྒྱལ་ཁབ། འཛམ་གླིང་སྣ་མང་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་ནུས་ཤུགས་གལ་ཆེན་ལྡན་པའི་རྒྱལ་ཁབ་བཅས་ཡིན་པ་མ་ཟད། མི་རིགས་བསྐྱར་དར་གྱི་རླབས་ཆེན་དུས་རིམ་ཁྲོད་གནས་ཡོད། ཀྲུང་གོས་རྒྱ་གར་ནི་ཡུན་རིང་གི་འཐབ་ཇུས་མཉམ་ལས་རོགས་ཟླར་རྩིས་བཞིན་ཡོད་ཅིང་། ང་ཚོས་རྒྱ་གར་དང་མཉམ་དུ་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་དེ་བས་གཏིང་ཟབ་མོ་བཙུགས་ཏེ་སྒོ་ཀུན་ནས་མཉམ་ལས་ཟབ་ཏུ་གཏོང་དགོས། ངེད་གཉིས་རྒྱལ་ཁབ་གཉིས་ཀྱི་དབུ་གཙོ་ཡིན་པའི་ངོས་ནས་ལོ་རྒྱུས་ཀྱི་ལས་འགན་དང་འགན་འཁྲི་འདི་དང་དུ་ལེན་དགོས།
     མོ་ཏིས་གསུངས་དོན། བོད་རང་སྐྱོང་ལྗོངས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཀྱི་གྲུབ་ཆ་ཡིན་ཞིང་། རྒྱ་གར་སྲིད་གཞུང་གིས་བོད་མིས་རྒྱ་གར་གྱི་མངའ་ཁོངས་སུ་ཀྲུང་གོར་ངོ་རྒོལ་བྱེད་པའི་ལས་འགུལ་སྤེལ་དུ་མི་འཇུག དེ་མིན་རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་མཐའ་མཚམས་གནད་དོན་སྐོར་གྲོས་མོལ་བྱ་རྒྱུར་འབད་འབངས་ཧུར་བརྩོན་བྱས་ནས་སྔ་ས་ནས་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་འཚོལ་འདོད་ཡོད།
  • ལེ་ཚན་སྔོན་མ།:ཨ་མེ་རི་ཁའི་ཀོན་ཏའོ་ས་ཁུལ་དུ་ཚད་རིམ་བདུན་དང་གྲངས་ཆུང་གཅིག་གི་ས་འགུལ་བྱུང་།
  • ལེ་ཚན་རྗེས་མ།:༢༠༡༤ལོའི་རྩོམ་རིག་ནོ་པའེ་བྱ་དགའ་ཐོབ་མཁན།
  • དོ་སྣང་ཆེ་བའི་རྩོམ།