འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ལི་པུ་ཡཱ་རུ་འཚམས་འདྲི་བྱས།

        2012-01-09

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཝེ་སི་ཐི་ཝེ་ལེ་ཡིས་ཚེས་བརྒྱད་ཉིན་ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པོ་ལི་རུ་འཚམས་འདྲི་བྱས་པ་དང་། སོ་སོར་ལི་པུ་ཡཱའི་བར་བརྒལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅཱ་ལེ་ལེ་དང་ལི་པུ་ཡཱའི་བར་བརྒལ་སྲིད་གཞུང་གི་ཙུང་ལི་ཁའེ་པུའུ། ལི་པུ་ཡཱའི་ཕྱི་འབྲེལ་བློན་ཆེན་ཧཱ་ཡཱར་བཅས་ལ་གྲོས་མོལ་བྱས།ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཝེ་སི་ཐི་ཝེ་ལེ་ཡིས་ལི་པུ་ཡཱའི་དཔོན་རིགས་དང་མཉམ་དུ་ཁཱ་ཀྲ་ཧྥེའི་སྲིད་གཞུང་སྐབས་འཇར་མན་གྱིས་བཀག་ཉར་བྱས་པའི་ཡོ་རོབ་གླིང་གི་སྒོར་མོ་ཐེར་འབུམ་བརྒྱད་པོ་ཕྱིར་སྟེར་བ་དང་། འཐབ་འཁྲུག་རྗེས་ཀྱི་བསྐྱར་འཛུགས་མ་དངུལ་གྱི་རོགས་སྐྱོར། ཉི་འོད་ནུས་པའི་ལས་གཞིའི་མཉམ་ལས་དང་རིག་གནས་བརྗེ་རེས། སྨན་བཅོས་ཞབས་ཞུའི་འདོན་སྤྲོད། འཐབ་འཁྲུག་ཁྲོད་རྨས་ཕོག་པའི་ལི་པུ་ཡཱའི་མི་རྣམས་འཇར་མན་དུ་ཁྲིད་ཡོང་ནས་སྨན་གསོ་བྱེད་པར་འགན་ཁུར་བ་སོགས་གནད་དོན་ཐད་ནས་གྲོས་མོལ་བྱས་ཟེར།ཝེ་སི་ཐི་ཝེ་ལེ་ཡིས་ཉིས་སྟོང་བཅུ་གཅིག་ལོའི་ཟླ་དྲུག་པར་ལི་པུ་ཡཱའི་པན་ཅཱ་ཞི་རུ་འཚམས་འདྲི་བྱས་ཏེ། འཇར་མན་རྒྱལ་ཁབ་ཀྱིས་ལི་པུ་ཡཱའི་རྒྱལ་ཡོངས་བར་བརྒལ་ཨུ་ཡོན་ལྷན་ཁང་དེ་ལི་པུ་ཡཱའི་ཁྲིམས་མཐུན་འཐུས་མིར་ཁས་ལེན་བྱེད་རྒྱུ་ཁྱབ་སྒྲོག་བྱས། དེའི་ཞོར་དུ་ལི་པུ་ཡཱ་རུ་སྡོད་པའི་འཇར་མན་གྱི་དོན་གཅོད་ཁང་ཡང་དངོས་སུ་བཙུགས་ཏེ་ལས་གཉེར་བྱེད་མགོ་བརྩམས་པ་རེད།

  • ལེ་ཚན་སྔོན་མ།:ཡེ་མིན་གྱི་ཙུང་ཐུང་གིས་ཨ་མེ་རི་ཁའི་འགྲུལ་བཞུད་ཕྱི་སྣུར་བྱེད་རྒྱུ་ཐག་བཅད།
  • ལེ་ཚན་རྗེས་མ།:བོད་རིག་པའི་ཆེད་མཁས་ཆར་ལེ་སི་རམ་བྷོ་ལགས་ཀྱིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་འཆད་ཁྲིད་གནངས་པ།
  • དོ་སྣང་ཆེ་བའི་རྩོམ།