2012-01-06
ཡེ་མིན་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་བཞི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཙུང་ཐུང་སཱ་ལེ་ཧི་ཡིས་ཨ་མེ་རི་ཁར་སོང་ནས་ནད་གསོ་བྱེད་པའི་དུས་ཚོད་རྗེས་སུ་སྣུར་རྒྱུ་ཐག་བཅད་ཟེར།བསྒྲགས་པའི་གནས་ཚུལ་ལྟར་ན། ཆོད་དོན་དེ་ནི་ཡེ་མིན་གྱི་སྲིད་འཛིན་ཏང་གི་ཆེས་མཐོའི་དཔོན་པོ་རེ་འགའི་རེ་བ་ལྟར་བཏོན་པ་ཡིན་ཞིང་། ཁོ་ཚོས་ཕྱི་རྒྱལ་ནས་ཆེད་ལས་སྨན་པ་གདན་ཞུ་བྱས་ཏེ་ཡེ་མིན་ནས་སཱ་ལེ་ཧི་ལ་སྨན་བཅོས་བྱེད་དགོས་པའི་གྲོས་གཞི་བཏོན།དེ་ལས་གཞན་ཡེ་མིན་སྲིད་འཛིན་ཏང་གི་མགྲིན་ཚབ་པ། གསར་འགྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཅཱ་ནཱ་ཏིས་ཀྱིས་ཉིན་དེར་སཱ་ནཱ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། སཱ་ལེ་ཧི་ཨ་མེ་རི་ཁར་སྨན་གསོ་བྱེད་དུ་འགྲོ་མི་སྲིད་ལ། སྲིད་འཛིན་ཏང་གི་དཔོན་པོ་རེ་འགའི་རེ་བ་ལྟར་དུ་ཡེ་མིན་ནས་བསྡད་དེ། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་འདུམ་འགྲིག་གྲོས་མཐུན་བདེ་བླག་ངང་ལག་བསྟར་བྱེད་པར་འགན་སྲུང་བྱེད་རྒྱུ་རེད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10