བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2011-12-27
རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། རྒྱ་གར་ལྷོ་ཕྱོགས་ཀྱི་ཐེ་མུས་ཨར་ནཱ་ཏི་ས་ཁུལ་ནས་ཉིན་དེར་གནས་སྐོར་གྲུ་གཟིངས་ཤིག་རྒྱ་མཚོར་ནུབ་སྟེ་ཉུང་མཐར་ཡང་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་རེ་འགའ་གར་སོང་རྙེད་མེད་ཟེར།
ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དོན་རྐྱེན་དེ་ཐེ་མུས་ཨར་ནཱ་ཏི་ས་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཅིན་ནཱ་དང་བར་ཐག་སྤྱི་ལེ་ང་བརྒྱད་ཡོད་པའི་མཚོ་ནང་ནས་བྱུང་བ་དང་། འགྲུལ་བ་ཉི་ཤུ་ལྷག་དྲུད་ཡོད་པའི་གནས་སྐོར་གྲུ་གཟིངས་ཤིག་དྲག་རླུང་དང་འཕྲད་དེ་གྲུ་གཟིངས་ལོག་པ་དང་གནས་སྐོར་འགྲུལ་བ་ཚང་མ་མཚོ་ནང་དུ་ལྷུང་བ་རེད་ཟེར།
ས་དེའི་ཉ་བདའ་རྣམས་ཀྱིས་མཚོ་ནང་ནས་མི་གསུམ་བསྐྱབས་པ་དང་། བེམ་པོ་བཅུ་གསུམ་རྙེད། ཉེན་རྟོག་ཕྱོགས་ཀྱིས་བཤད་ན་མིག་སྔར་མ་རྙེད་པའི་མི་གཞན་དག་འཚོལ་བཞིན་ཡོད་ལ། ཤི་བོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ངེས་རེད་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10