བསོད་ནམས་ཚེ་རིང་། ཞིན་ཧྭ་གསར་འགྱུར་དྲ་བ། 2011-12-05
ཨུ་རུ་སིའི་མངའ་ཁོངས་ཡོངས་སུ་བསྡོམས་པས་འདེམ་ཤོག་འཕེན་ས་ཁྲི་དགུ་དང་སྟོང་དྲུག་བཀོད་སྒྲིག་བྱས་ཡོད་པ་དང་། ས་ཆ་སོ་སོའི་འདེམ་ཤོག་འཕེན་ས་དེ་ཚེས་བཞི་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་ནས་བཟུང་འདེམ་དམངས་ལ་སྒོ་ཕྱེ་རྒྱུ་ཡིན་པ་དང་། འདེམ་ཤོག་འཕེན་པའི་བྱ་བ་ཉིན་དའི་དགོང་མོའི་དུས་ཚོད་བརྒྱད་ལ་མཇུག་རྫོགས་རྒྱུ་རེད། ཨུ་རུ་སི་རྒྱལ་ཁབ་ཏུ་མིག་སྔར་མི་གྲངས་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་གཉིས་འབུམ་བརྒྱད་ཡོད་པ་དང་། ཐོ་འགོད་བྱས་པའི་འདེམ་དམངས་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ཡོད་ལ། དེའི་ནང་ཨུ་རུ་སིའི་མངའ་ཁོངས་སུ་ཐོ་འགོད་བྱས་པའི་འདེམ་དམངས་དུང་ཕྱུར་གཅིག་དང་ས་ཡ་བརྒྱད་ཡོད། ཕྱི་རྒྱལ་དུ་སྡོད་པའི་ཨུ་རུ་སིའི་མི་ས་ཡ་གཉིས་ཙམ་གྱིས་ཀྱང་ཕྱི་རྒྱལ་དུ་བཀོད་སྒྲིག་བྱས་པའི་འདེམ་ཤོག་འཕེན་ས་སུམ་བརྒྱ་དང་བདུན་ཅུ་ནས་འདེམ་ཤོག་འཕང་ཆོག
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10